རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཁྲི་ཀ་རྫོང་དུ་སོང་ནས། ས་དེའི་བརྗོད་དོན་སློབ་གསོའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པར་མ་ཟད། ཁག་ཁུར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པར་བཅངས་པའི་བྱེད་ཕྱོགས་ཡིན་ཞེས་པ་བརྗོད་གཞིར་བཟུང་ནས་ཆེད་དོན་ཏང་གི་སློབ་ཁྲིད་བྱས།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན་གྱི་ཆ་ནས་བལྟས་ན། འགན་འཁྲི་འཁུར་རྒྱུ་ནི་རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་ཀྱི་བླང་བྱ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས། མིག་སྔའི་ཏང་ཡོན་ལས་བྱེད་པའི་འགན་འཁྲི་འཁུར་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་འབུར་ཐོན་ཅན་དང་འབྱུང་རྩར་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་རྗེས། ཏང་ཡོན་ལས་བྱེད་པས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས། གཅིག་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་འདུ་ཤེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ནས། ཆབ་སྲིད་ཐད་ནམ་ཡང་ནོར་འཛོལ་མི་ཡོང་བར་འགན་ལེན་བྱེད་དགོས། གཉིས་ནས་འཇོན་ཐང་དང་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པར་མུ་མཐུད་སྒྱུར་བཅོས་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་ལྕི་མོ་ཕྲག་སྟེང་དུ་འཁུར་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།