“མཚོ་སྔོན་གྱི་མཁས་དབང”ལ་ཨུ་རུ་སུའི་རང་བྱུང་ཚན་རིག་ཁང་གི་རྒྱལ་ཁོངས་ཕྱིའི་ཞིབ་འཇུག་པའི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐབས་དང་པོའི“མཚོ་སྔོན་མཁས་དབང”ནམ་མཚོ་སྔོན་ཞིང་ཆེན་ས་གཤིས་གཏེར་ཁུངས་རྩད་ཞིབ་གསར་སྤེལ་ཅུའུ་ཡི་མཐོ་རིམ་བཟོ་བཀོད་པ་ཕཱན་ཐུང་ལགས་ཨུ་རུ་སུའི་རང་བྱུང་ཚན་རིག་ཁང་གི་རྒྱལ་ཁོངས་ཕྱིའི་ཞིབ་འཇུག་པར་བདམས་ཐོན་བྱུང་ནས། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་ཤེས་ལྡན་པ་རྒྱལ་སྤྱིའི་རྩེར་སོན་གྱི་དཔུང་ཁག་ཏུ་བསྐྱོད་རྒྱུའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཞིང་། མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་ཤེས་ལྡན་པ་འཛམ་གླིང་དུ་བསྐྱོད་པར་གསོ་སྦྱོང་དང་རྒྱབ་སྐྱོར་བྱེད་པའི་ལེའུ་གསར་བ་ཞིག་གི་འགོ་ཚུགས། 

2018ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་མཉམ་དུ་“མཚོ་སྔོན་གྱི་མཁས་དབང་”ཞེས་པའི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ནས་རང་བྱུང་ཚན་རིག་དང་ལས་གྲྭའི་ལག་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དག་གི་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པར་འདེམས་ཐོན་བྱུང་མཁན་ལ་དུས་ཡུན་རང་བཞིན་གྱི་གསོ་སྐྱོང་དང་རྒྱབ་སྐྱོར་བྱས་ལ། དེའི་དམིགས་ཡུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་འཐབ་ཇུས་ཚན་རྩལ་ཤེས་ལྡན་མི་སྣ་དང་སྣེ་ཁྲིད་ཤེས་ལྡན་མི་སྣ། ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་ཁག་ཅིག་གསར་དུ་བཏོད་དེ་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་ལས་དོན་དེ་རྗེས་སུ་ཐོན་ཡང་གཞན་རྗེས་སྙེག་ཐུབ་པ་ཞིག་བྱ་རྒྱུ་དེ་རེད། 

མིག་སྔར་ཕཱན་ཐུང་ནང་དུ་ཚུད་པའི་མཐོ་རིམ་ཤེས་ལྡན་མི་སྣ་5ལ་ཞིང་ཆེན་སྲིད་གཞུང་གིས“མཚོ་སྔོན་མཁས་དབང”གི་མཚན་སྙན་ཐོབ་ཡོད་ལ། རྒྱབ་སྐྱོར་བྱེད་པའི་དུས་ཡུན་ནང་རིག་གཞུང་བརྗེ་རེས་དང་། ཚོགས་པའི་འཛུགས་སྐྲུན། བྱ་གཞག་རྒྱས་སྤེལ། གྲུབ་འབྲས་གཞན་སྒྱུར་གྱི་ཕན་འབྲས་དོན་འཁྱོལ། ལས་འགན་གཅིག་ལྕོགས་ཀྱི་ལས་གཏོད་ལ་སྐུལ་མ་གཏོང་བ་སོགས་ཕྱོགས་ཡོངས་ནས་གསོ་སྐྱོང་དང་རྒྱབ་སྐྱོར་བྱས་པར་བརྟེན་ཁོ་ཚོའི་ཚན་རྩལ་གསར་གཏོད་ནུས་པ་དང་། ལས་རིགས་སྐུལ་གཏོང་ནུས་པ། ཚོགས་པའི་སྐུལ་ཁྲིད་ནུས་པ་བཅས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཞིང་ལས་རིགས་འཕེལ་རྒྱས་ཁྲོད་དགེ་མཚན་ལྡན་པའི་བྱེད་ནུས་ཐོན་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་“དྲིན་ལན་སློག་པ་”དང་དུས་མཚུངས་སུ་ཚན་ཞིབ་ལག་རྩལ་དང་གྲུབ་འབྲས་ཁག་ཅིག་ཞིང་ཆེན་གྱི་སྒོ་ཕྱིར་བསྐྱོད་པ་དང་། རྒྱལ་མཚམས་བརྒལ་ནས་རྒྱལ་སྤྱིའི་རྩེར་སོན་ཞིབ་འཇུག་སྒྲིག་གཞིར་ལས་རིགས་གཅིག་མཚུངས་ཀྱི་ཁས་ལེན་ཐོབ་ཡོད། 

“མཚོ་སྔོན་གྱི་མཁས་དབང”གི་མིང་བྱང་གིས་འཛམ་གླིང་ལ་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་སྤུས་རྟགས་བསྟན་ཞིང། མཚོ་སྔོན་ཞིང་ཆེན་དང་རྒྱལ་སྤྱིའི་དབར་གྱི་མཉམ་འབྲེལ་བརྗེ་རེས་ལ་སྐུལ་འདེད་བཏང་ཡོད་ལ། དུས་མཚུངས་ས་གནས་རང་གའི་མཐོ་རིམ་ཤེས་ལྡན་མི་སྣ་དང་། འབྲིང་རིམ་དང་དམའ་རིམ་གྱི་ཤེས་ལྡན་མི་སྣས་རང་སའི་ཁྱབ་ཁོངས་སུ་ཞིབ་འཇུག་གནད་ཚགས་དང་ལས་གཏོད་གསར་གཏོད་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་བྱས་རྗེས་འཇོག་པར་སྔར་བས་སྐུལ་འདེད་དང་སྣེ་ཁྲིད་ཐེབས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།