ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་ཤར་གྲོང་ཁྱེར་དང་རྨ་ཆེན་རྫོང་གཉིས་བར་ལ་འཇོན་མིའི་ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་བཙུགས། ཕྱོགས་གཉིས་ཀས་ལས་བྱེད་པར་འགན་དཀྲིས་ཏེ“སྤེལ་རོགས་འཁྲིད་གསུམ ”བྱེད་པའི་རྣམ་པ་སྤྱད་པ་བརྒྱུད།རྨ་ཆེན་རྫོང་གི་ལས་བྱེད་འཇོན་མིའི་དཔུང་སྡེ་ཡི་མི་འདང་སར་ཁ་གསབ་བརྒྱབ།
རྨ་ཆེན་རྫོང་གི་གཞི་རིམ་ཏང་འཛུགས་བྱ་བ་ཉམས་ཞན་ཡིན་པ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཀྱི་ཆུ་ཚད་མི་མཐོ་བ། གྲོང་ཁྱེར་དོ་དམ་ལས་དོན་འཆར་འགོད་འཛུགས་སྐྲུན་དང་། ལས་གཞི་དོ་དམ་སོགས་ཀྱི་ཕྱོགས་ལ་ཆེད་ལས་འཇོན་མི་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མཚོ་ཤར་གྲོང་ཁྱེར་གྱིས་དགོས་མཁོ་ལྟར་གཞི་རིམ་ཏང་འཛུགས་ཀྱི་བྱ་བར་རྒྱུས་མངའ་ལྡན་པའི་རྩ་འཛུགས་བྱ་བའི་ལས་བྱེད་པ་དང་། སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་དང་། ལས་སྒོའི་བྱང་ཚད་མཐོ་བའི་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་བཅས་བསྡོམས་པས་ཕུལ་བྱུང་ན་གཞོན་ལས་བྱེད་པ10གནད་ཁེལ་བདམས་མངག་བྱས་ཏེ་རྨ་ཆེན་རྫོང་དུ་སོང་ནས་དུས་ཡུན་ལོ1རིང་ལ་འགན་དཀྲི་སྦྱོང་བརྡར་བྱས་པ་དང་། ཆབས་ཅིག་རྨ་ཆེན་རྫོང་གི་སློབ་གསོ་དང་། འཕྲོད་བསྟེན་བཅས་ཁོངས་གཏོགས་ཀྱི་ལས་སྒོའི་རྐང་འཛིན་པ6མཚོ་ཤར་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དང་། སྨན་ཁང་བཅས་སུ་དུས་ཡུན་ལོ1གི་རིང་ལ་འགན་དཀྲི་སློབ་སྦྱོང་ལ་ཡོང་བ་དང་ལེན་བྱས། འཇོན་མིའི་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ལ་ཁག་ཐེག་བྱེད་ཆེད། ས་གནས་གཉིས་ཀྱི་རྩ་འཛུགས་པུའུ་ཡིས་མཐུན་སྦྱོར་འབྲེལ་འདྲེས་བྱེད་པར་ཤུགས་བསྣན་ཏེ། དུས་བཅད་ལྟར་འགན་དཀྲི་ལས་བྱེད་པས་ལས་འགན་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། འགན་དཀྲི་བའི་སྐབས་སུ་བྱ་བའི་རྣམ་འགྱུར་ལེགས་པ་དང་། གྲུབ་འབྲས་མངོན་གསལ་ཡིན་པ། མང་ཚོགས་ཀྱིས་ཁས་ལེན་པའི་ལས་བྱེད་པ་ཕུལ་བྱུང་ཅན་ཡར་འཐེན་བསྐོ་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་བ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་ཤར་གྲོང་ཁྱེར་དང་རྨ་ཆེན་རྫོང་གཉིས་བར་ལ་འཇོན་མིའི་ཁ་གཏད་རོགས་སྐྱོར་གྱི་སྒྲིག་སྲོལ་བཙུགས་པ།