མཚོ་སྔོན་ཞིང་ཆེན་གྱི་2019ལོའི་དབུལ་ཐར་འགག་སྒྲོལ་གྱི་ཞིབ་དཔྱད་ལྟ་ཞིབ་ལས་དོན་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་2019ལོའི་དབུལ་ཐར་འགག་སྒྲོལ་གྱི་ཞིབ་དཔྱད་ལྟ་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་གསོ་སྦྱོང་ཚོགས་འདུའི་ཐོག ཟླ་11པའི་ཚེས་14ཉིན་ནས་ཚེས་30ཉིན་བར་མཚོ་སྔོན་ཞིང་ཆེན་གྱིས་ཕན་འབྲས་ཞིབ་དཔྱད་དང་།  འདེམས་དཔྱད་རྩིས་ལེན།ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་ནས་2019ལོའི་གྲོང་ཁྱེར(ཁུལ)ཏང་ཨུ་དང་སྲིད་གཞུང་གི་ལོ་རེའི་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་འགན་འཁྲི་དོན་འཁྱོལ་དང་རྫོང(གྲོང་ཁྱེར་དང་ས་ཁུལ)ཁག་གི་ལོ་རེའི་དབུལ་ཐར་ལས་འགན་ལེགས་སྒྲུབ་བྱས་ཚུལ་ཁྱོན་ཡོངས་ལ་རྒྱུས་ལོན་རྒྱུ་རེད།

ཐེངས་འདིའི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཞིབ་དཔྱད་བྱ་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)8་ཀྱི་ཏང་ཨུ་དང་སྲིད་གཞུང་དང་། རྫོང(གྲོང་ཁྱེར་དང་ས་ཁུལ)39ཡི་ཏང་ཨུ་དང་སྲིད་གཞུང་བཅས་ཡིན། 2019ལོར་དབུལ་སྒྲོལ་དབུལ་ཞྭ་འབུད་རྩིས་ཡོད་པའི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་དང་མིན་ཧེ། དཔའ་ལུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་ཆ་དང་ཁྲི་ཀ རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་དང་རེབ་གོང་། རྩེ་ཁོག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཅིག་སྒྲིལ་དང་།རྨ་ཆེན། པད་མ། དགའ་བདེ།དར་ལག  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲི་སྟོད་དང་རྫ་སྟོད། ཆུ་དམར་ལེབ། ནང་ཆེན་སོགས་རྫོང(ས་ཁུལ)17ལ་ཞིང་ཆེན་རིམ་པའི་ཞིབ་དཔྱད་བསྡུར་བཤེར་བྱེད་རྒྱུ་རེད། ལྟ་ཞིབ་ཞིབ་བཤེར་གྱི་ཁྱབ་ཁོངས་ནི་བལྟོས་མེད་ཀྱི་དབུལ་ཕུང་“གཙང་སེལ”དང་། དབུལ་ཐར་འགག་སྒྲོལ་ལ་“ཕྱིར་མིག་ལྟ་བ”། ཡིག་ཚགས་དང་ཁཱ་བཟོ་བའི་ཆ་འཕྲིན་ཞིབ་དཔྱད་བྱེད་པ་བཅས་ཡིན།

我省启动2019年脱贫攻坚考核督查工作

     本报讯 (记者 孙海玲) 记者从日前召开的青海省2019年脱贫攻坚考核督查工作动员部署培训会上了解到,11月14日至30日,我省将通过开展成效考核、核查抽验以及督查检查等方式全面掌握2019年市(州)党委政府年度脱贫攻坚目标责任落实及各县(市、区)年度脱贫任务完成情况。

      此次脱贫攻坚成效考核对象为全省8个市(州)党委政府和39个县(市、区)党委政府。对2019年计划脱贫摘帽的海东市乐都、民和、化隆,海南藏族自治州共和、贵德,黄南藏族自治州尖扎、同仁和泽库,果洛藏族自治州久治、玛沁、班玛、甘德、达日,玉树藏族自治州治多、杂多、曲麻莱、囊谦等17个县(区)开展省级核查。督查检查范围为绝对贫困“清零”、脱贫攻坚“回头看”、建档立卡信息核实等。

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།