ཀྲང་ཀོང་རོང་གིས་ཟི་ལིང་གི་བྱ་བར་རྟོགས་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་ཟི་ལིང་གྲོང་ཁྱེར་དང་ཧོང་གྲོང་རྫོང་སྟོང་སྐོར་སོགས་སུ་སོང་ནས་གྲོང་བརྡལ་དང་སྡེ་བ་སོ་སོའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་བའི་དགོངས་དོན་བརྒྱུད་བསྒྲགས་དང་གྲོང་ཁྱེར་དང་རྫོང་སོ་སོའི་དམངས་ཆེན་གྱི་བྱ་བའི་འཛུགས་བསྐྲུན་གནས་ཚུལ་ལ་རྟོག་ཞིབ་དང་དམངས་ཆེན་གྱི་འཐུས་མི་སོགས་ལ་མཚམས་འདྲི་མཛད།

ཀྲང་ཀོང་རུང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དངོས་འབེབ་དང་བརྒྱུད་བསྒྲགས་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཡིན།རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱི་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་འཛུབ་སྟོན་དུ་འཛིན་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོ་དང་དམ་དུ་འབྲེལ་དགོས།གཏིང་ཟབ་པའི་སྒོ་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་མ་ཡིག་ལ་སློབ་སྦྱོང་དང་གོ་བ་ལེན་པར་ཤུགས་འདོན་དགོས།གཏིང་ཟབ་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་ཀྱི་གྲུབ་འབྲས་ལ་ངོས་ལེན་གསལ་བོ་ཐོབ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།