ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་ནས13ཉིན་བར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་ལྟ་སྐུལ་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་དོན་ཁྲུའུ་ཀྲང་། གྲོང་ཁྱེར་དང་རྫོང་ཨུའི་རྩ་འཛུགས་པུའུ་ཡི་ཁག་བགོས་ལས་བྱེད་པའི་ལྟ་སྐུལ་བྱ་བར་དོ་དམ་བྱེད་པའི་པུའུ་ཀྲང་གཞོན་པ་དང་། ལས་བྱེད་པའི་ལྟ་སྐུལ་ལས་སྒོ་གཉེར་མཁན་གྱི་བློ་མཐུན200ལྷག་ཙམ་གསོ་སྦྱོང་ལ་ཞུགས།     

གསོ་སྦྱོང་འཛིན་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྱོན་ཡོངས་ནས་དཔོན་རིགས་ནན་སྐྱོང་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། 《ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་བྱེད་ཐབས》 འགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་ཞུ་བ་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བློ་མཐུན་གྱིས་ཆེད་དོན་ཟུར་ཁྲིད་བྱས་པ་དང་། གསོ་སྦྱོང་ནང་ཞུགས་པའི་སློབ་མས་གསར་དུ་བཟོ་བཅོས་བརྒྱབ་ནས་པར་འགྲེམས་བྱས་པའི《ལས་བྱེད་པའི་མི་དོན་བྱ་བའི་ལས་སྒོའི་ལག་དེབ》ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས། གསོ་སྦྱོང་མཇུག་མ་རྫོགས་པའི་སྔོན་དུ།  ཆེད་དུ་སློབ་མ་རྩ་འཛུགས་བྱས་ནས་ལས་བྱེད་པའི་ལས་དོན་ཐད་ཤེས་དགོས་ངེས་ཀྱི་ཤེས་བྱར་ཚད་ལེན་ཚོད་ལྟ་བྱས་པ་དང་། ཚད་ལེན་ཚོད་ལྟ་བྱས་པའི་རྒྱུགས་འབྲས་ལ་བལྟས་ན། སློབ་མ་མང་ཆེ་བས་གསོ་སྦྱོང་གི་ནང་དོན་ཁོང་དུ་ཆུད་པ་བྱས་ཡོད་པ་དང་གསོ་སྦྱོང་གི་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།