ཏུའུ་ཅེ་ཡིས་ཧེ་ཡན་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་མཉམ་འདྲིས་གནས་གཞི་ཧའེ་ཡན་རྫོང་དུ་སོང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། གཙོ་བོར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཐག་གཅོད་པར་ཞིབ་འཇུག་བྱས། རྟོག་ཞིབ་བྱེད་སྐབས། ཏུའུ་ཅེ་ཧའེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་བཙོག་ཆུ་ཐག་གཅོད་བཟོ་གྲྭ་བསྒྱུར་བཀོད་རྒྱ་སྐྱེད་ལས་གཞི་འཛུགས་སྐྲུན་བྱེད་ས་དང་གད་སྙིགས་ས་འཇུག་བྱེད་སའི་སྐབས་གཉིས་པའི་འཛུགས་སྐྲུན་ལས་གཞི་ཡུལ་དངོས་སུ་ལྟ་ཞིབ་བྱེད་པར་སོང་ནས། ལས་གཞིའི་ལག་བསྟར་རང་བཞིན་དང་སྔོན་དུས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ། དེའི་ཐད་གནས་པའི་དཀའ་ཁག་ཐད་ནས་རྒྱུས་ལོན་གསལ་བོ་བྱས།

ཏུའུ་ཅེ་ཡིས་ཧེ་ཡན་རྫོང་གི་བརྗོད་དོན་སློབ་གསོ་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཧ་ཅང་མཐོང་ཆེན་བྱེད་པ་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། ནང་དོན་དང་ངོ་བོར་རྒྱུས་ལོན་གཏིང་ཟབ་དང་ངོས་འཛིན་ཡང་དག་བྱེད་པ། རིགས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོ་དང་ལོ་རྒྱུས་ཀྱི་འདུ་ཤེས་བརྟན་པོར་བརྟེན་ནས།ཚད་གཞི་མཐོན་པོ་དང་རེ་བ་ནན་མོས་བརྗོད་དོན་སློབ་གསོ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་དོ་མཉམ་པའི་སྒོ་ནས་སྤེལ་དགོས། གནད་དོན་ཁྲིད་ཕྱོགས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བརྗོད་དོན་སློབ་གསོ་སྤེལ་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དཀའ་གནད་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་བཅས་དང་ཟུང་འབྲེལ་བྱེད་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མི་དམངས་ཀྱི་དཀའ་གནད་སེལ་བའི་འགུལ་སྐྱོད་དངོས་སུ་བསྒྱུར་བ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་བདེན་དཔང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།