མཚོ་ཤར་གྲོང་ཁྱེར་གྱིས་མང་ཚོགས་ཕྱིར་སྐྱོད་པའི་འགྲིམ་འགྲུབ་སྐྱེལ་འདྲེན་ཐད་ཤུགས་བསྣན་པ།

res01_attpic_brief.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས11ཉིན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས“སྡེ་བ་རེ་ལ་རླངས་འཁོར་འགྲོ་ཐུབ་པའི”འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་མཛད་སྒོ་བསྡུས་པ་དང་། “སྡེ་བ་རེ་ལ་རླངས་འཁོར་འགྲོ་ཐུབ་པའི”འགྲུལ་སྐྱེལ་རླངས་འཁོར31གྲོང་གསེབ་ཀྱི་ཁྲོམ་རར་དངོས་སུ་བཏང་སྟེ་ཐག་རིང་རི་ཁུལ་གྱི་མང་ཚོགས་ལ་བདེ་འཇགས་དང་། སྐྱིད་པོ། སྟབས་བདེ་བཅས་ཡིན་པའི་ཕྱིར་སྐྱོད་ཆ་རྐྱེན་མཁོ་འདོན་བྱས་པ་མ་ཟད། རི་ཁུལ་གྱི་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད་པ་རེད། མིག་སྔར། རྫོང་ཡོངས་སུ་འགྲུལ་སྐྱེལ་རླངས་འཁོར210ཡོད་པ་དང་། དེའི་ནང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག16དང་སྤྱི་སྤྱོད་རླངས་འཁོར194། ཤང་གྲོང22ཀྱི་སྲིད་འཛིན་སྡེ་བ312ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་སྲིད་འཛིན་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།