ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་རོགས་སྒྲུབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས11ཉིན་ནས་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པས་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་རྟོག་ཞིབ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་རོགས་སྒྲུབ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་ཁ་གཏད་རོགས་སྐྱོར་དང་། དབུལ་སྐྱོར་རོགས་སྒྲུབ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་ལ་གྲོས་ཞིབ་གཏིང་ཟབ་གནང་བ་རེད།

ཚེས12ཉིན་གྱི་ཕྱི་དྲོར། ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་རོགས་སྒྲུབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ནན་ཅིང་དུ་འཚོགས་པ་རེད། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལོའུ་ཆིན་ཅན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཀྲིན་ལུང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྱོར་རོགས་སྒྲུབ་སྐོར་གྱི་གནས་ཚུལ་ཁག་ངོ་སྤྲོད་གནང་བ་རེད།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་ཞུས་ནས་ཅང་སུའུ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་རོགས་སྒྲུབ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། མཉམ་ལས་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཆེན་པོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་ཐབས་ཇུས་གལ་ཆེན་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལས་དོན་བཀོད་སྒྲིག་གནང་བ་དང་། རོགས་སྐྱོར་དང་རོགས་སྒྲུབ་བྱས་པའི་གྲུབ་འབྲས་ཆེན་པོས་མཚོ་སྔོན་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོ་སྐྱིད་དངོས་སུ་ཚོར་དུ་བཅུག་ཡོད།

ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྒེར་སེམས་མེད་པའི་རོགས་སྐྱོར་དང་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རོགས་སྐྱོར་དང་རོགས་སྒྲུབ་ལས་དོན་ལ་སྐུལ་འདེད་བཏང་བ། སྤྱི་ཡོངས་ཀྱི་འཆར་འགོད་འོག་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ་དང་ལམ་སྲོལ་འཐུས་ཚང་གཏོང་བའི་ཁྲོད་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐད་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་། རོགས་སྐྱོར་བྱ་བ་དོན་འཁྱོལ་བཅས་བྱས་པས་དངོས་ཐོག་ཕན་འབྲས་ཐོན་ཡོད། རོགས་སྐྱོར་དང་རོགས་སྒྲུབ་ལས་བྱུང་བའི་འགྱུར་ལྡོག་དང་གྲུབ་འབྲས་ཀྱིས་མཚོ་སྔོན་མཚོ་ལྷོ་ཁུལ་དང་ཟི་ལིང་། མཚོ་ཤར་གྱི་དབུལ་སྒྲོལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོ་མཚོ་སྔོན་གྱིས་དབུལ་པོ་སེལ་བའི་དམིགས་ཚད་མངོན་འགྱུར་བྱས་ཏེ་སང་ལོར་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རིམ་སྤོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་རོགས་སྒྲུབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡིད་ཆེས་དང་ཆོད་སེམས་བརྟན་པོས་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་དགོས། 

ཅང་སུའུ་ཞིང་ཆེན་གྱི་མགོ་ཁྲིད་ཧྥན་ཅིན་ལུང་དང་། ཀྲང་ཅིང་ཧྭ། ཀུའོ་ཡོན་ཆང་། ལིས་ཞའོ་མིང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ལིས་ཅེ་ཞང་དང་། ཡན་ཅིན་ཧའེ། ཉའོ་ཁྲེང་ཡུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།