ཞིང་ཆེན་རིམ་པའི་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བར་སྣང་ཆུང་བྱེད་པའི་གནད་དོན་ལ་བཅོས་སྐྱོང་བྱེད་པའི་བྱ་བའི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་སོགས་ཞིང་ཆེན་རིམ་པའི་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཉེར་བཞི་ཡིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བར་སྣང་ཆུང་བྱེད་པའི་གནད་དོན་ལ་བཅོས་སྐྱོང་བྱེད་པའི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས། ལས་ཁུངས་སོ་སོས་ཆེད་དོན་བཅོས་སྐྱོང་སྤེལ་བའི་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་ལ། གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་ལས་ཁུངས་དྲུག་གིས་སྙན་ཞུ་གཏམ་བཤད་བྱས།

ཚོགས་ཐོག་ནས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པ། བར་ཁྱད་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པའི་སྤྱིའི་རེ་བ་ཆེད་དོན་བཅོས་སྐྱོང་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་། ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་མཐོན་པོ། དངོས་གཉེར་གྱི་བཅོས་སྐྱོང་བྱེད་ཐབས་དང་ཆད་གཅོད་ནན་མོ་བྱེད་པའི་ཆོད་སེམས་ལ་བརྟེན་ནས་ཆེད་དོན་བཅོས་སྐྱོང་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཆེད་དོན་བཅོས་སྐྱོང་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འགན་འཁྲི་ལས་འགན་གཏན་ཁེལ་གསལ་བོ་བྱེད་པ། སྲིད་འཛིན་ཁྲིམས་འཛིན་སྤྱོད་ཚུལ་ཚད་ལྡན་དུ་བསྒྱུར་བ། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་པ། བཅོས་སྐྱོང་བྱ་བའི་ལས་གཞི་དང་ནང་དོན་གཏན་ཁེལ་གསལ་བོ་བྱེད་པ། སྲིད་འཛིན་ཁྲིམས་འཛིན་ཁྲོད་ཀྱི་དཀའ་གནད་དང་གཙོ་གནད་ལ་དམིགས་ནས། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་མངོན་སུམ། ཆེས་བྲེལ་མྱུར་ཆེ་བའི་བྱ་བ་ཐག་བཅད་དེ། བྱ་བ་ཞིབ་མོར་བསྒྲུབ་དགོས། ལས་ཁུངས་སོ་སོས་དུས་རིམ་སྔོན་མའི་བཅོས་སྐྱོང་བྱ་བའི་རྨང་གཞིའི་སྟེང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བཟོས་ནས། ཆེད་དོན་བཅོས་སྐྱོང་བྱ་བའི་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།