མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚན་རྩལ་ཆེད་མངག་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་གྱིས་ཚན་རྩལ་ཆེད་མངག་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་འཁོར་ཉི་ཤུ་ལོན་པའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། དེའི་ཕྱིར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཆེད་མངག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་ཞིང་སྡེ་དར་སྤེལ་དང་དབུལ་ཐར་མཁྲེགས་གཏོར་ལ་དམིགས་ནས། གསར་གཏོད་ཀྱི་སྒུལ་ནུས་རྒྱ་སྐྱེད་དེ། དུས་རབས་གསར་བའི་ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པའི་ཐད་འདེགས་སྐྱོར་གལ་ཆེན་འདོན་སྤེལ་བྱེད་དགོས། དེ་དང་མཉམ་དུ། བཞུགས་མོལ་ཚོགས་འདུའི་སྟེང་ད་དུང་མཚོ་སྔོན་ཞིང་ཆེན་གྱིས2002ལོར་ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་པའི་ཚུན་གྱི་གྲུབ་འབྲས་དང་ཉམས་མྱོང་། དེའི་ཐད་གནས་པའི་གནད་དོན་ལ་སྤྱི་སྡོམ་བྱས་ནས། གོ་རིམ་རྗེས་མར་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བ་དང་། བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་རྨང་གཞི་བརྟན་པོ་བཏིངས། ཚོགས་འདུར་ཞུགས་པའི་གྲོང་ཁྱེར་དང་ཁུལ་སོ་སོའི་ཚན་རྩལ་དོ་དམ་སྡེ་ཁག་དང་མཚོ་སྔོན་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་གླིང་། མཚོ་སྔོན་ཞིང་ཆེན་ཞིང་ནགས་ཚན་རིག་གླིང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེས་དངོས་ཞིབ་འཇུག་ཁང་སོགས་ཀྱི་ཚན་རྩལ་ཆེད་མངག་པའི་མངག་གཏོང་ལས་ཁུངས་དང་ཕུལ་དུ་བྱུང་བའི་ཚན་རྩལ་ཆེད་མངག་པའི་འཐུས་མིས། ཚན་རྩལ་རྩ་འཛུགས་ཀྱི་དོ་དམ་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། གདམ་མངག་སྦྲེལ་མཐུན་མ་དཔེ་ལེགས་བསྒྱུར་བྱེད་པ། ཞབས་ཞུ་འགན་སྲུང་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ། ཁོར་ཡུག་དང་སྣང་ཚུལ་བཟང་བོ་བསྐྲུན་པ་སོགས་ཕྱོགས་ནས་བློ་འདོན་ཇུས་འབུལ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།