ཡན་ཅིན་ཧེ་ཡིས་ཟི་ལིང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ནོར་ལུག་དང་ཕག་བཤའ་བ་དང་ཤ་གསར་བའི་མཁོ་འདོན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཡན་ཅིན་ཧེ་ཡིས་ཡུལ་དངོས་ནས་ཕག་ཤ་སྐྱེལ་འདྲེན་དང་ནོར་ལུག་ཤའི་ཉོ་འཚོང་གི་གནས་ཚུལ། མཁོ་འདོན་གྱི་གྲངས་ཀ་དང་ཁྲོམ་རའི་རིན་གོང་སོགས་ཀྱི་ཐད་ལ་རྒྱུས་ལོན་ཞིབ་མོ་བྱས།

ཡན་ཅིན་ཧེ་ཡིས་བསྟན་དོན། ནོར་ལུག་དང་ཕག་ཤ་ཉོ་འཚོང་གི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་དང་མཁོ་འདོན་གྱི་གྲངས་ཀ་སོགས་ལ་ཁག་ཐེག་ཐུབ་པ་དང་དུས་ལྟར་ཉོང་འཚོང་གི་དགོས་མཁོ་སྐོང་ཐུབ་པ།  རིན་གོང་གཏན་འཇགས་བཟོས་ཏེ་ཕྱོགས་ཡོངས་ནས་ཤ་རིགས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་ཐུབ་པར་བྱས་ཏེ་མང་ཚོགས་ལ་བདེ་འཇགས་ཀྱི་ཟས་རིགས་མཁོ་འདོན་ཐུབ་པར་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།