མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡོད་སའི་སྡེ་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡོད་སའི་སྡེ་ཁག་གིས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་ཆེད་དོན་སློབ་སྦྱོང་གྲོས་ཚོགས། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གྲོས་ཚོགས་བསྡུས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྡེ་ཁག་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱ་བའི་ཐད་ནས་སྐུལ་སློང་བཀོད་སྒྲིག་བྱས།

ཚང་མས་མཐའ་གཅིག་ཏུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འཐབ་ཇུས་མིག་རྒྱ་དང་ལོ་རྒྱུས་ཀྱི་ཁག་ཁུར་ཆེན་པོ་མངོན་པར་བྱས་ཡོད་པ་དང་། དུས་རབས་གསར་བའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རེ་བ་གསར་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་མཚོན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བའི་ཐད་ཤན་ཤུགས་ཆེན་པོ་འདོན་ཐུབ།  མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ། བརྟན་བརླིང་ཕན་ཡོད་ཀྱི་བྱེད་ཐབས་སྤྱད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིག་སྔར་དང་རྗེས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ཁྲོད་ལག་བསྟར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཚང་མས་མཐའ་གཅིག་ཏུ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་ངོ་བོ། ནང་དོན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཁྲོད་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། སྣེ་ཁྲིད་དེ་སློབ་སྦྱོང་དང་བརྗེ་རེས། ལག་བསྟར་བྱེད་པ། ལམ་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྣེ་ཁྲིད་དེ་ལམ་ལུགས་དབང་ཟིལ་ལ་སྲུང་སྐྱོབ་བྱེད་པ། ལམ་ལུགས་ལག་བསྟར་ཐད་ཀྱི་མིག་དཔེ་བྱས་ཏེ། ལམ་ལུགས་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་དབང་ཆ་སྤྱོད་པ། བྱ་བ་སྤེལ་དགོས། རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བློ་རིག་དང་སྟོབས་ཤུགས་གཉིས་ཚང་འཛོམས་གྲོས་ཚོགས་སྟེང་བཏོན་པའི་ལས་འགན་གལ་ཆེན་ལག་བསྟར་བྱེད་པའི་སྟེང་གཅིག་བསྡུས་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། འཚོལ་ཞིབ་དང་གསར་གཏོད་བྱེད་པ། བཅོས་སྐྱོང་ཕན་ནུས་མཐོར་འདེགས་བཏང་སྟེ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་ཁག་ཐེག་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་གོམ་སྟབས་བསྒྱུར་དགོས་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།