མཚོ་སྔོན་གྱིས་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་རིང་སྨན་སྤྱོད་རྩི་ཤིང་རིགས1340གསར་རྙེད་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ཕྱོགས་སྡོམ་ཚོགས་འདུ་ཐེངས་བཞི་པའི་ཐོག་ནས་ཤེས་རྟོགས་བྱུང་བར། 《ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་གཞུང་ཆེན·མཚོ་སྔོན་གྱི་ལེའུ》རྩོམ་འབྲིའི་ལས་དོན་དངོས་སུ་འགོ་ཚུགས་པ་དང་། ཀྲུང་ལུགས་གསོ་རིག་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་མཚོ་སྔོན་གྱིས་སྨན་སྤྱོད་རྩི་ཤིང་རིགས་ཁྱོན་1340གསར་དུ་རྙེད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་འགན་གྱི་དུས་ཡུན་ལོ་6ཡིན་པ་དང་། མ་དངུལ་སྒོར་ཁྲི་2760བཏང་ཞིང་། ཡོངས་ཁྱབ་ཞིབ་བཤེར་རྫོང་དང་ཆུས་46དང་། ཤང་དང་གྲོང་རྡལ་454 གྲོང་ཚོ་4716བཅས་ལ་ཁྱབ་པ་དང་ལམ་ཐག་རིང་ཚད་བསྡོམས་སྤྱི་ལེ་ཁྲི་40ལྷག་ཙམ་ཟིན་ཡོད་པ་རེད།

མིག་སྔའི་བར། མཚོ་སྔོན་ཞིང་ཆེན་དུ་སྨན་སྤྱོད་རྩི་ཤིང་རིགས་1340ཡོད་པ་ཤེས་རྟོགས་ཐུབ་པ་དང་། སྨན་རྩྭའི་རིགས་34བཏབ་པ། སྲོལ་རྒྱུན་ཤེས་བྱའི་རིགས་156བསྡུ་རུབ་བྱས་ཡོད། དེ་དང་ཆབས་ཅིག་ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཁྲོད་དེབ་ཁག་5རྩོམ་སྒྲིག་དཔེ་སྐྲུན་བྱས་པ་དང་། ཚན་ཞིབ་གྲུབ་འབྲས་ཁག་4ཐོབ་པ། དངོས་དཔེ་ཁང་5བསྐྲུན་པ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་མ་རྒྱུའི་སྤུས་ཚད་ལྟ་ཞིབ་ལག་རྩལ་ཞབས་ཞུའི་ལྟེ་གནས་ཀྱི་ཟི་ལིང་ས་ཚིགས་དང་རྒྱ་མདོ་ས་ཚིགས་འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད་པ་རེད།

ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ལྟེ་གནས་ཀྱི་ཞིབ་འཇུག་པ་ལི་ཅུན་ཏེས་མཚོ་སྔོན་ས་རྒྱ་ཆེ་ལ། སྔོ་ཁེབས་རིགས་མང་བ་དང་སྨན་སྤྱོད་རྩི་ཤིང་རིགས་ཕུན་སུམ་ཚོགས་པས། 《ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་གཞུང་ཆེན·མཚོ་སྔོན་གྱི་ལེའུ》ཡིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་མི་རིགས་ཀྱི་གསོ་བ་རིག་པ་འཕེལ་རྒྱས་བཅས་ཀྱི་ངོས་ནས་བརྗོད་ན། དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།