མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་ཁེ་ལས་ལ་ཁེ་སྐྱོར་ལས་བརྟན་གྱི་མ་དངུལ་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་ནས་བཟུང་། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་གཉེར་སྐྱོང་ལ་དཀའ་ངལ་ཡོད་པ་མ་ཟད། སླར་གསོ་ཡོང་རེ་ཡོད་པའི་ཁེ་ལས་ལ་ཁེ་སྐྱོར་ལས་བརྟན་མ་དངུལ་སྒོར་དུང་ཕྱུང་2.6རྒྱུན་མཐུད་སྤྲད་པས་ལས་བཟོ་ཁྲི་3.22ལ་ཕན་པ་ཐོབ་པ་དང་། ལས་ཤོར་འགན་བཅོལ་གྱི་ལས་ཤོར་སྔོན་འགོག་དང་། ལས་གནས་བརྟན་ལྷིང་། ལས་ཞུགས་སྐུལ་གཏོང་བཅས་ཀྱི་ནུས་པ་ཆེ་ཤོས་འདོན་སྤེལ་ཐུབ་ནས་ཁེ་ལས་དཀའ་ངལ་ལས་སྒྲོལ་བར་གསོན་ཤུགས་གསར་པ་བྱིན་ཡོད།

ད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཞིང་ཆེན་སྲིད་གཞུང་གི་ལག་བསྟར་བསམ་འཆར་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་སོགས་སྡེ་ཚན་ལྔ་ཡིས་ལས་ཤོར་འགན་བཅོལ་ལ་བརྟེན་ནས་ཁེ་ལས་ཀྱི་ལས་ཞུགས་ལས་གནས་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ཏེ། ཁེ་ལས་ཀྱི་ལས་གནས་བརྟན་ལྷིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ། དཀའ་ངལ་ཡོད་པའི་ཁེ་ལས་རྒྱབ་སྐྱོར་བྱ་ཡུལ་གཙོ་བོར་ཐོག་མར་བརྩིས་པ་དང་། ཐོན་སྐྱེད་གཉེར་སྐྱོང་ལ་གནས་སྐབས་རང་བཞིན་གྱི་དཀའ་ངལ་ཡོད་པ་མ་ཟད་སླར་གསོ་ཡོང་རེ་ཡོད་པ་དང་། མི་སྣ་ཉུང་འཕྲི་མི་བྱེད་པ་དང་མི་སྣ་ཉུང་འཕྲི་མཐའ་འཁྱོངས་བྱེད་མཁན་གྱི་འགན་ཞུགས་ཁེ་ལས་ལ་ལས་གནས་བརྟན་ལྷིང་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་པ་དང་། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཐད་ཞིང་ཆེན་ཡོངས་ཀྱི་ལས་ཤོར་འགན་བཅོལ་གྱི་ཁེ་སྐྱོར་ལས་བརྟན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་ཁེ་ལས་ཁག་གཅིག་ལ་མ་དངུལ་གྱི་རོགས་སྐྱོར་མང་ཤོས་ཐོབ་པ་ཞིག་ཀྱང་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཞིང་ཆེན་ཡོངས་སུ་ད་ཐེངས་དཀའ་ངལ་ཡོད་པའི་ཁེ་ལས་43ཚུད་པའི་ཁེ་ལས་1151ལ་ཁེ་སྐྱོར་ལས་བརྟན་མ་དངུལ་སྒོར་དུང་ཕྱུར་2.46སྤྲད་པ་ལས་ལས་བཟོ་ཁྲི་16.06ལ་ཕན་པ་ཐོབ་ཡོད། སྔོན་དཔག་བྱས་ན་ལོ་འདིའི་ནང་ཞིང་ཆེན་ཡོངས་སུ་ཁེ་ལས་1466ལ་ཁེ་སྐྱོར་ལས་བརྟན་མ་དངུལ་སྒོར་དུང་ཕྱུར་4.1ཡས་མས་རག་སྟེ་ལས་བཟོ་ཁྲི་18.52ལ་ཕན་པ་འཐོབ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།