དམག་མིའི་བློ་སྤོབས་དང་འགྱུར་ལྡོག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྲོ་སེམས་དང་འདུ་འཛིའི་ཁེངས་པའི་དབྱར་ཕར་ལ་བསྐྱལ་ཞིང་།  དྲོད་འཇམ་རླུང་བུ་ལྡང་བའི་སྟོན་ཚུར་ལ་བསུ་པའི་བར་སྐབས་འདིར།  དམག་སྒར་དུ་རླུང་བུ་འཇམ་པོ་ཞིག་ལྡང་བཞིན་ཡོད། ལྟོས་དང་ན་ནིང་དམག་ལ་ཞུགས་པའི་དམག་མི་གསར་པ་རྣམས་མིག་རྡེབ་དབང་ཙམ་དུ་ལོ་གཉིས་པར་ཐོན་འདུག

དམག་མི་དཀྱུས་མ་ནས་རིམ་པ་གོང་མར་འཕར་བ།

དམག་དོན་གྱི་བྱང་ཚད་དང་བསམ་བློའི་གོ་རྟོགས་གང་ཡིན་རུང་ཚང་མར་ངོ་བོའི་ཐོག་ནས་གོང་འཕེལ་སོང་ཡོད། ཚང་མས་སྲིན་འབུ་གོང་ཆག་ནས་ཕྱེ་ལེབ་ཏུ་གྱུར་བའི་ན་ཟུག་བཟོད་ཐུབ་ན་ད་གཟོད་གནམ་འཕང་གཅོད་པའི་མཛེས་ཉམས་མངོན་ཐུབ་ཟེར་བ་ཅིས་མ་བདེན། ལོ་ཟླའི་བརྒྱུད་རིམ་ལ་དཀའ་ཁག་ཆེ་ནའང་སྐབས་འདིར་ཁོ་ཚོའི་སེམས་པ་དགའ་བས་བརྟས་ཡོད། 

དམག་ལ་མ་ཞུགས་གོང་དུ“སྐུ་སྲས་ཆུང་ཆུང”ཡིན་ལ། དམག་ནང་ཞུགས་རྗེས“ནུས་ལྡན་པ་ཆུང་ཆུང་”ཞིག་ཏུ་གྱུར་བ།

འཕྲུལ་སྒུལ་རུ་དཔུང་གཉིས་པའི་དམག་མི་དབྱང་ཁྲུང་པིན་ནི་ཁྱིམ་ཚང་གི་གཅེས་ཕྲུག་སྟེ“སྐུ་སྲས་ཆུང་བ”ཞིག་ཡིན་པས་། གཤིས་ཀ་ངན་ལང་དུ་ཤོར་ནས་དམག་ལ་ཞུགས་མ་ཐག་ཅི་ཡང་མི་ཤེས་པའི་མི་གཞན་གྱི་མིག་ནང་དུ་མི་འགྲོ་མཁན་ཞིག་ཡིན།  དུས་རྒྱུན་གྱི་དམག་མི་རྒན་པ་དང་འཛིན་དཔོན་ཐ་ན་རང་དང་མཉམ་པའི་དམག་མིས་ཁོ་ལ་ལྟ་ཚུལ་མི་ལེགས་པའི་རྣམ་འགྱུར་བཟུང་རྐྱེན། དབྱང་ཁྲུང་པིན་གྱི་རང་བཀུར་བསམ་པར་རྡུང་རྡེག་ཆེན་པོ་ཐེབས། དེ་ནས་བཟུང་ཁོང་གིས་སེམས་ཐག་རྦད་ཆོད་ཀྱིས་སྦྱོང་བརྡར་དང་འཕྲོད་བསྟེན། ནང་ལས། གཙང་ཕྱགས། གཞན་ལ་རོགས་རམ་སོགས་ལས་ཀའི་ཆུང་ས་ནས་འགོ་བཙུགས་ནས་སྦྱོང་བརྡར་བྱས་པས། ལོ་གཅིག་ནང་ཁོ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས་ཀུན་གྱིས་ཁོ་ལ་བསྟོད་བསྔགས་བྱས། 

སྔོན་ཆད་ཀྱི་“ཚོ་སྟུག་ཆུང་ཆུང”ད་ལྟ་“ལས་ལ་གཞོལ་མཁན”ཞིག་ཏུ་གྱུར་བ།

ཝང་དབྱིན་ནི་མི་མང་ཆེ་བའི་མིག་ལམ་དུ་ཚོ་སྟུག་ཆུང་ཆུང་ཞིག་ཡིན་པ་དང་། གཟུགས་པོའི་རིང་ཚད་ལ་སྨི་གཅིག་དང་ཚེག་བདུན་ཙམ་ཡང་མེད་ལ། ཁོང་གི་གཟུགས་པོའི་ལྗིད་ཚད་རྒྱ་མ150ལས་བརྒལ་ཡོད། དམག་མི་གསར་བསྡུ་རུ་ཁག་གིས་ཀྱང་ཁོང་ལ་རོགས་རམ་བྱས་ནས་ལུས་ཕུང་གི་ཤ་ཞན་པར་འགྱུར་བར་རོགས་རམ་བྱས་མོད་དེས་ཕན་ཅི་ཡང་མ་ཐོག  ཕྱིས་སུ་འཕྲུལ་སྒུལ་རུ་དཔུང་གཉིས་པར་ཐོན་པ་ན་ད་གཟོད་འཛིན་དཔོན་གྱི་རོགས་རམ་འོག་ཁོང་གིས་དམག་དོན་བྱང་ཚད་ཀྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཟབ་མོ་བྱུང་ནས། ཚད་ལས་བརྒལ་བའི་ཚོ་དེ་ལུས་ཕུང་ལ་མཚོན་ན་ཁུར་བོ་ཞིག་ཡིན་པ་རྟོགས། དེ་ནས་བཟུང་ཁོས་སེམས་ཐག་རྦད་ཆོད་ཀྱིས་མི་ཚུལ་ལྡན་ཞིག་བྱེད་པའི་འགོ་བརྩམས། ཁོས་དུས་རྒྱུན་སྦྱོང་བརྡར་བྱ་ཡུལ་དུ་དུས་ངེས་མེད་དུ་གཞན་ལས་ལྷག་པའི་སྦྱོང་བརྡར་བྱས་རྐྱེན་གཞི་ནས་ཤ་ཞན་པར་གྱུར་ལ། གདོང་ཡང་ནག་པོར་གྱུར་ཡོད་པ་ཟད། ཞིབ་བཤེར་རྣམ་གྲངས་ཡོངས་ཀྱི་ཚད་གཞིར་ལོངས། དེ་ནས་བཟུང་ཀུན་གྱིས་ཁོ་ལ་བསྟོད་པའི་མཐེ་བོང་བསྒྲེངས་བ་མ་ཟད། ཚོ་སྟུག་ཞེས་པའི་མིང་དེ་ཡང་འབོད་མཁན་མ་བྱུང་།  

མཁས་མཛངས་གཉིས་ལྡན།

ཀོང་ཞུའེ་ཕུང་དམག་ལ་མ་ཞུགས་གོང་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཞིག་ཡིན་ཞིང་། ཁོ་ལ་ཆུང་དུས་ནས་དམག་ལ་ཞུགས་པའི་ཕུགས་འདུན་ཞིག་ཡོད་པས། སློབ་ཆེན་ལོ་རིམ་དང་པོ་མཇུག་སྒྲིལ་རྗེས་ཁོང་གིས་བློ་ཐག་རྦད་ཆོད་ཀྱིས་སྨྱུ་གུ་དོར་ནས་དམག་ལ་ཞུགས། ཁོང་གིས་འཐབ་འཛིང་པ་ཚད་ལྡན་ཞིག་ཏུ་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱས་ཤིང་། ཐ་ན་རང་ཉིད་ཀྱིས་ཀྱང་དུས་ཡུན་རིང་པོའི་ནང་སྦྱོང་བརྡར་ཡག་པོ་བྱས་མེད་པས་ལོ་དེའི་དམག་མི་དང་བར་ཁྱད་ཧ་ཅང་ཆེ་བ་རྟོགས་ནས། ལོ་གཅིག་གི་རིང་ལ་ཁོང་གིས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་པ་དང་། ཞན་པའི་བསླབ་ཚན་ལ་ཆེད་དུ་དམིགས་ནས་ཉིན་མཚན་དབྱེར་མེད་དུ་སྦྱོང་བརྡར་བྱས་པས། མཐར་སྦྱོང་བརྡར་ཐད་ལོ་དེའི་དམག་མིའི་ནང་ཕུལ་བྱུང་དམག་མིར་གྱུར་པ་དང་། སྦྱོང་བརྡར་བྱེད་པ་ལས་གཞན་ད་དུང་ཡིག་ཆའི་ལས་དོན་ལེགས་འགྲུབ་ཡོང་བར་རོགས་རམ་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁོ་ལ་སློབ་ཆེན་སློབ་མའི་རྨང་གཞི་ཡོད་པས་རེད། བྲེལ་འཚུབ་ཆེ་བའི་སྐབས་སུ་ཡང་ཁོང་གིས་ལས་འགན་སྣ་ཚོགས་བདེ་བླག་ངང་སྒྲུབ་ཐུབ་པས། ཚང་མས་ཁོང་ལ“ཤེས་བྱ་ཀུན་མཁྱེན”ཞེས་འབོད་ཀྱིན་ཡོད།

དཔྱིད་ཀ་ཡལ་ནས་སྟོན་ཀར་སླེབས། ལོ་གཅིག་གི་དུས་ཚོད་མིག་རྡེབ་དབང་ཙམ་གྱིས་ཡལ། སྦྱོང་བརྡར་བྱ་ཡུལ་དུ་ཁོ་ཚོས་གཟུགས་སྟོབས་རྒྱས་པར་བརྩོན་པ་དང་། རུ་ཁག་གི་སྦྱོང་བརྡར་ཁྲོད་བློ་སྟོབས་སྦྱོང་བརྡར་བྱས་ཏེ། གཅིག་ནས་གཉིས་བར་གྱི་འཕོ་འགྱུར་ཁྲོད་མི་གཞན་གྱིས་བློས་མི་དཔོག་པའི་ན་ཟུག་བརྒྱུད་དགོས་ཀྱི་ཡོད། ད་ཆ་ཁོ་ཚོ་ནི་གཞན་གྱིས་བཤད་པའི་དམག་མི་གསར་པ་དེ་གཏན་ནས་མིན་པར། འགན་འཁྲི་དང་དམིགས་འབེན་དེ་བས་མང་པོ་ཕྲག་ཏུ་བབས་ཡོད་ལ། སྐབས་འདིར་ཁོང་ཚོ་ནི་སང་ཉིན་གྱི་རེ་བ་དང་འགན་འཁྲིའི་ཆེད་དུ་ཐང་དཀར་རྒོད་པོ་ཇི་བཞིན་མཁའ་མཐའི་ལེ་བར་ཁྲི་ཁྲག་ལ་གཤོག་འགྱུར་བྱེད་ཐུབ་པའི་དཔའ་རྟུལ་སྐོར་ཞིག་ཡིན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།