མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། ཞིང་ཆེན་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་གྱི་གནས་ཚུལ་ཐད་ནས་སྤྱི་སྡོམ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིང་གི་ཞིང་ཆེན་ཡོངས་གོང་འོག་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན། སློབ་སྦྱོང་ནི་རྨང་གཞི་ཡིན་པས། ནན་ཏན་གྱིས་མ་རྩོམ་ཀློག་པ་དང་ཉིན་རྒྱུན་དུ་སློབ་སྦྱོང་བྱེད་པ། ཡང་དང་བསྐྱར་དུ་སློབ་པ། རྒྱུན་མཐུད་ངང་སློབ་སྦྱོང་བྱས་ཏེ། སློབ་སྦྱོང་གི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན། བརྟན་བརླིང་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རྒྱུས་ལོན་གནད་འགག་ཡིན་པས། གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ནས་རྩ་བའི་རིགས་པར་རྒྱུས་ལོན་བྱེད་པ་དང་། རང་ཉིད་དེའི་ཁྲོད་འཇོག་པ་དང་བྱ་བ་བཟང་བོར་བསྒྲུབ་པ། འགན་འཁྲི་ཕྲག་ཏུ་ལེན་བླངས་ནས། སེམས་ཞིབ་མོས་ཞིབ་འཇུག་དང་མྱོང་ཚོར། རྒྱུས་ལོན་བྱེད་དགོས། དྲིལ་སྒྲོག་ནི་བྱེད་ཐབས་ཡིན་པས། བྱེད་ཐབས་ལ་གསར་གཏོད་བྱས་ནས་དྲིལ་སྒྲོག་ལ་དམ་འཛིན་བྱེད་པ་དང་། ཞིབ་འཇུག་དང་གསལ་བཤད། དྲིལ་སྒྲོག སྒྲོག་འགྲེལ་བྱེད་པ། དྲ་ཐོག་དྲ་འོག་གཉིས་ནས་མཉམ་དུ་དྲིལ་སྒྲོག་བྱས་ཏེ། ཁ་གཏད་རང་བཞིན་དང་ཕན་ཡོད་རང་བཞིན། ནང་འགུལ་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ལག་བསྟར་ནི་དམིགས་འབེན་ཡིན་པས། སྦྱངས་པ་གོ་ཆོད་བྱས་ནས་བྱ་བར་སྐུལ་འདེད་གཏོང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་རྐང་སྟེང་དང་འགུལ་སྐྱོད་ཁྲོད་ལག་བསྟར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་དེ་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་བའི་གོ་སྐབས་གལ་ཆེན་དང་། དམིགས་འབེན་ལག་བསྟར་བྱེད་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་སུ་བརྩི་བ་དང་། བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད། བྱ་བའི་རྒྱུ་རྐྱེན་གཙོ་བོ་དང་མི་གཞུང་རྒྱུ་རྐྱེན་གཙོ་བོའི་མཚོན་བྱེད་དུ་བརྩིས་ནས། རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་ཏང་གཅེས་རྒྱལ་གཅེས་དང་འགོ་གཙོ་ལ་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་ཆེར་སྐྱེད་ལ། ཆབ་སྲིད་ཀྱི་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་གྲུབ་འབྲས། གླེང་ཕྱོགས་ཀྱི་གྲུབ་འབྲས་བཅས་གཅིག་གྱུར་ཡོང་བར་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་སྡོམ་སྙན་ཞུ་ལ་ཉན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་སྐྱེད་དེ། ལས་བྱེད་པ་དང་མང་ཚོགས་ཀྱིས་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལས་བྱུང་བའི་སྙིང་སྟོབས་དང་སྟོབས་ཤུགས་དེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་བར་སྣེ་ཁྲིད་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་རྩ་དོན་སྟེང་ནས2020ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུར་འཐད་པ་བྱུང་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི2019ལོ་ནས2022ལོའི་བྱ་བའི་འཆར་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།