​ཀྲང་ཞི་མེན་གྱིས་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སློབ་དེབ་དང་མཉམ་དུ་དགེ་སློབ་ཀྱི་བསམ་བློར་ཟུག་པ་བྱེད་དགོས་པའི་ནན་བཤད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས1ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དྲུང་ཡིག་ཚོགས་ཆུང་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གཉིས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་མཐོ་རིམ་སློབ་གྲྭའི་འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཞི་མེན་གྱིས་ཏང་གི་ཆེད་དོན་སློབ་ཁྲིད་གནང་།

ཀྲང་ཞི་མེན་གྱིས་དཔེ་ཀློག་འཛིན་གྲྭའི་བློ་མཐུན་དང་མཉམ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས། ཁོང་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་སྐོར་ལ་ཆེད་དོན་ཞིབ་འཇུག་བྱས་པ་མ་ཟད་འབྲེལ་ཡོད་གཏན་འབེབས་ཀྱང་བྱས་པ་རེད། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་དང་ལོ་རྒྱུས་ཀྱི་འགན་འཁྲི་དྲག་པོ་མཚོན་པ་དང་། “གདེང་ཚོད་བཞི”་སྲ་བརྟན་དུ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན། ཁོང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས། དྲིལ་བསྒྲགས་སྒྲོག་འགྲེལ། ཞིབ་འཇུག་འཆད་འགྲེལ་བཅས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་མཐོ་རིམ་སློབ་གྲྭ་རུ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་དགོས་པ་མ་ཟད། མཐོ་སློབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་དོན་དངོས་དང་ཟུང་འབྲེལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་དེ་སློབ་གཞི་དང་། སློབ་ཁང་། དགེ་སློབ་བཅས་ཀྱི་ནང་ཞུགས་སུ་བཅུག་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ་ལམ་ལུགས་རང་རྟོན་གྱི་གདེང་ཚོད་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས།

ཀྲང་ཞི་མེན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་བཞིན་ཡོད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྔར་ལས་ལྷག་པར་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐོ་རིམ་སློབ་གསོའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། ཕན་ཚུན་སྐུལ་འདེད་བཅས་བྱས་ཏེ་མཐོ་རིམ་སློབ་གྲྭ་ཁག་ཏུ་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ལས་གཞན། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།) 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།