ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་བར་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་མཉམ་སྡེབ་ཀྱིས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་དེ་གཙོ་བོ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཡིག་ཆའི་འཆར་ཟིན་འགོད་པའི་ལས་དོན་ནང་ཞུགས་མཁན་གྱི་འབྲེལ་ཡོད་བློ་མཐུན་ལས་གྲུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཁག་གཅིག་གིས་རང་ཉིད་གནས་སའི་ཁྱབ་ཁོངས་དང་ས་གནས་སུ་སྒྲོག་འགྲེལ་བྱ་རྒྱུ་རེད།

ཚེས7ཉིན་ནས་བཟུང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་པེ་ཅིང་དུ་ཐུན་མོང་ཐོག་སློབ་ཁྲིད་གྲ་སྒྲིག་བྱས་པ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་སྐུལ་སློང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》དང《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་རྩ་འཛིན》ལ་གཞིགས་ནས་སློབ་ཚན་གྲ་སྒྲིག་ཞིབ་ཚགས་ཀྱིས་སྒྲོག་འགྲེལ་གྱི་མ་ཡིག་འབྲི་བ་བཅས་བྱས་ཏེ་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུར་གྲ་སྒྲིག་གང་ལེགས་བྱ་རྒྱུ་རེད།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཚེས10ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།