འབའ་མདོ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པར་རོགས་སྐུལ་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད་།

1.jpg

ཏང་གི་བཀའ་དྲིན་མི་བརྗེད་པར། མཐུན་སྒྲིལ་དམ་པོས་མདུན་དུ་བསྐྱོད། 

3.jpg

ཁྱད་ལྡན་དམངས་སྲོལ།

4.jpg

མཛེས་པའི་གྲོང་སྡེ། སྐྱིད་པའི་བྱིས་དུས།

2.jpg

གསེར་མདོག་གི་སྟོན་ཟླ། ལོ་ལེགས་ཀྱི་དུས་ཚིགས།

5.jpg

སྡེ་བའི་ཐོན་ལས། འབྲོག་པའི་སྒོར་ཁུག    

6.jpg

བོད་གྲོང་གི་མེ་ཏོག་མཚོ་མོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་ཞང་འབའ་མདོ་སྡེ་བས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། རྨ་ཆུའི་ཀྱལ་རྟ་ནགས་ཚལ་དང་རྨ་ཆུའི་ཁུག་སོ་གཉིས་པ་སོགས་རང་བྱུང་ཐོན་ཁུངས་ཀྱི་གནས་བབ་ལེགས་པོར་བརྟེན་ནས། རྨ་ཆུའི་གྲོག་རོང་ཆེན་མོའི་རྫོང་རི་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་མེ་ཏོག་མཚོ་མོ། དེ་མིན་ཁྱད་ལྡན་དམངས་གཞིས་གཙོ་བྱས་པའི་གྲོང་སྡེའི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བར་མ་ཟད། རང་ས་གནས་ཀྱི་ཞིང་ལས་གནས་བབ་ལེགས་པོ་འབུར་དུ་བཏོད་པའི་ཕྱུག་བསྒྱུར་ཐོན་ལས་ཧུར་ཐག་གིས་གསོ་སྐྱོང་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པར་རོགས་སྐུལ་བྱེད་པའི་ལམ་བུ་གསར་པ་ཞིག་བཏོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།