རྨ་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་མཛེས་།

༡.jpg

འབྱུང་ཡུལ་ལས་མཆེད་པའི་གཙང་ཆུ།

༢.jpg

རྩེད་འཇོར་རོལ་བཞིན་པའི་བྱ་རྒོད།

༦.jpg

མངོན་ཆུང་དུ་བལྟ་བཞིན་པའི་སྲེ་མོང་།

༣.jpg

ཁ་ཟས་འཚོལ་བཞིན་པའི་གནའ་བ།

༤.jpg

ཤྭ་སྐྱ།

༥.jpg

རྐྱང་ཁྱུ།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་པར། གསར་འགོད་པ་ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་སྨི4500ཡོད་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི“རྨ་ཆུའི་འབྱུང་ཡུལ”ཆུ་དམར་ལེབ་རྫོང་དུ་སླེབས་པ་དང་། རང་བྱུང་ཁམས་ཆེན་མོས་ཁྱད་མཚར་བའི་ས་གཞི་འདིར་གནང་བའི་ལེགས་སྐྱེས་ཏེ། མཐའ་མེད་པའི་རྩྭ་ཐང་དུ་ཅི་དགར་རྒྱུག་པའི་རྐྱང་ཁྱུ་དང་བརླན་སའི་ཁྲོད་རྩེད་འཇོར་རོལ་པའི་ངང་སེར། རི་ཀློང་ཁྲོད་གཡུ་འབྲུག་ལྟར་འཁྱུག་པའི་ཆུ་རྒྱུན། ཁ་བས་གཡོགས་པའི་གངས་རིའི་ཁྲོད་དུ་ལྡིང་སྐོར་རྒྱག་པའི་བྱ་གླག་སོགས་བཀོད་འབྲི་བྱས་ཤིང་། དུས་རྟག་ཏུ་ཚེ་སྲོག་ལ་བཀུར་ཞིང་གཅེས་པའི་བརྩེ་བ་བཀོད་འབྲི་བྱས་པ་དང་ཚེ་སྲོག་གི་འབྱུང་རྩའི་ས་གཞི་འདིའི་འཛད་མེད་ཀྱི་མཛེས་སྡུག་བཀོད་འབྲི་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།