ལོ་ཆུང་​དམག་མིས་མང་ཚོགས་ལ་དགུན་བསྐྱལ་བའི་དྲོད་སྐྱིད་སྦྱིན་པ།

༣.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ངའི་བུ་ལ་བྱིས་པའི་སྦྲིད་ནད་ཕོག་པས་ཆུང་དུས་ནས་ལས་ཀ་གང་ཡང་བྱེད་མི་ཐུབ་པ་དང་། ཁོང་གི་ཕ་རྒན་ལ་ཡང་ཀླད་ནད་ཡོད་པས་རྒྱུན་པར་ནད་འཕར་བཞིན་ཡོད། ཕ་བུ་གཉིས་ལ་ནད་བཅོས་བྱེད་པར་འགྲོ་སོང་མང་དུ་བཏང་རྐྱེན་གསོག་དངུལ་ཚང་མ་བརླག་ཚར་ནས་འཚོ་བ་རོལ་ཐབས་བྲལ་བའི་གནས་སུ་ལྷུང་ཡོད།  དབུལ་ཕོངས་དུད་ཁྱིམ་ཨ་ཕྱི་མཱ་ཡིས་མིག་ཀོང་དུ་མཆི་མ་དབང་མེད་དུ་འཁོར་ནས་ལས་བྱེད་པ་ལིང་ཅིན་ཨན་གྱི་ལག་པར་འཐམ་ནས་སེམས་འགུལ་དྲག་པོས་ “གཉེན་ཉེ་བཅིངས་འགྲོལ་དམག་ལ་ཐུགས་རྗེ་ཆེ”ཞེས་བཤད།

༤.jpg

ཟླ10པའི་ཚེས31ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་དུ་གློ་བུར་དུ་ཁངས་ཆེན་བབས་པ་དང་དྲོད་ཚད་གློ་བུར་དུ་མར་ཆག་པས། 32359དཔུང་སྡེའི་འགོ་ཁྲིད་ཀྱིས་འཕྲལ་མར་དབུལ་སྐྱོར་གྲོང་ཚོས་དགུན་དྲོད་གསོ་དཀའ་བའི་གནད་དོན་ཡོད་པ་ཚོར་ཤིང་། དེ་ནས་མྱུར་དུ་མོར་ཚི་ལུང་བའི་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་གྱི་ཧྲུའུ་ཅི་ཅང་ཡུང་ལ་ཁ་པར་འབྲེལ་གཏུག་བྱས་ཏེ་དུད་ཚང་དབུལ་པོའི་དགུན་དྲོད་གསོ་བའི་གནས་ཚུལ་དང་འཚོ་བའི་དཀའ་ངལ་གཞན་དག་ལ་རྒྱུས་ལོན་བྱས། དེའི་རྗེས་པུའུ་དེའི་ཏང་ཨུ་ཡིས་འཕྲལ་དུ་ཚོགས་འདུ་འཚོགས་ནས་མོར་ཚི་ལུང་བའི་གྲོང་ཚོའི་དུད་ཚང་དབུལ་པོའི་དགུན་དྲོད་གསོ་སྤྱད་དང་འཚོ་བར་དཀའ་ངལ་ཡོད་པ་སོགས་ཀྱི་གནད་དོན་ཐད་ཆེད་དོན་ཞིབ་འཇུག་ཐག་གཅོད་བྱེད་ཐབས་བཏོན་པ་རེད། ཚོགས་འདུ་མཇུག་སྒྲིལ་རྗེས་པུའུ་དེས་འཕྲལ་མར་ཆེད་དུ་དམག་མི་བཀོད་སྒྲིག་བྱས་ནས་རྡོ་སོལ་བཙོང་མཁན་སྦྱིན་བདག་ལ་འབྲེལ་གཏུག་བྱས་ཏེ་སྔོན་ལ་རྡོ་སོལ་འདང་ངེས་ཤིག་ཁོ་ཚོར་འཇོག་དགོས་པའི་རེ་བ་བཏོན།

༢.jpg

ཕྱི་ཉིན་ཞོགས་པར་སྔ་མོ་ནས་པུའུ་དེའི་འགོ་ཁྲིད་ཀྱིས་དངོས་སུ་རུ་དཔུང་གི་སྣེ་ཁྲིད་དེ་ཉིན་ཕྱེད་རིང་འགྲུལ་བཞུད་བྱས་པ་བརྒྱུད་དགུན་དྲོད་གསོ་སྤྱད་རྡོ་སོལ་ཏུན5དང་། འབྲས། སྣུམ་དེ་བཞིན་སྨན་རྫས་སོགས་མྱུར་མཁོའི་དངོས་པོ་དུད་ཚང་དབུལ་བོའི་ཁྱིམ་དུ་བསྐྱལ་ནས་ཁོང་ཚོའི་གནད་དོན་ཐག་གཅོད་བྱས་པ་རེད།

༥.jpg

ཅང་ཡུང་གིས“དགུན་དུས་གྲོང་ཚོའི་ནང་སྤྱིར་ན་བུད་ཤིང་ལ་བརྟེན་ནས་དགུན་དྲོད་གསོ་བཞིན་ཡོད་མོད། འཚོ་བའི་ཆ་རྐྱེན་ཞན་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཐ་ན་བུད་ཤིང་ཡང་མེད་པ་དང་། གནད་འགག་གི་སྐབས་སུ་དམག་དཔུང་གི་རོགས་སྐྱོར་ཐོབ་པས། ད་ལོའི་དགུན་ཁའི་དྲོད་གསོ་བའི་གནད་དོན་ལ་སེམས་ཁུར་མེད་པ་བྱས་སོང་ཟེར། སྐབས་དེར་རྣ་བ་འོན་ཞིང་ངག་ལྐུགས་པའི་ལི་ཡུང་པེའོ་བཟའ་ཚོ་གཉིས་ཀྱིས་ཀྱང་ལག་ཟུང་གཉིས་འགུལ་ནས་ཁོང་ཚོ་ལ་ཐུགས་རྗེ་ཆེ་ཞུ་བའི་རྣམ་འགྱུར་དང་བཟོ་ལྟ་མང་དུ་བསྟན།

༧.jpg

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་མོར་ཚི་ལུང་བའི་གྲོང་ཚོར་རང་བྱུང་ཆ་རྐྱེན་ཞན་པ་དང་ས་བབ་མཐོ་བའི་མཁའ་དབུགས་ནང་གསོ་རླུང་འདུས་ཚད་དམའ་བ་དེ་ས་མཐོའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། དེ་གར་དབྱར་དུས་ལས་དགུན་དུས་རིང་བ་དང་། ཉིན་་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། དགུན་དཀྱིལ་དུ་དྲོད་ཚད་ཀོར་ཐིག་མན་གྱི་ཏུའུ20ཡི་བར་མར་ཆགས་པས། གྲོང་ཚོའི་འབྲུ་རིགས་ལོ་ཏོག་གཙོ་བོ་ཞོག་ཁོག་དང་ནས་ལ་བརྟེན་དགོས་ཀྱིན་ཡོད་ལ། གྲོང་ཚོ་ཡོངས་ཀྱིས་ཞོར་ལས་ཁོ་ནར་བརྟེན་ནས་དཔལ་འབྱོར་གྱི་ཡོང་འབབ་འཚོལ་བའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན། །

༡.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།