མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་བཅས་ཀྱི་སྐམ་སའི་གྲུ་ཁའི་ཚོང་འགྲུལ་ཟོག་འགྲེམས་ལྟེ་གནས་རྣམ་གྲངས་དེ་ན་གོར་མོ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་བཅས་ཀྱི་སྐམ་སའི་གྲུ་ཁའི་ཚོང་འགྲུལ་ཟོག་འགྲེམས་ལྟེ་གནས་རྣམ་གྲངས་དེ་མཚོ་ནུས་སོག་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། རྣམ་གྲངས་དེས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གཞི་ཚུགས་སྟེ“ཕྱིར་སྐྱོད་པའི”འཐབ་ཇུས་ལ་དམིགས་ནས“ལྟེ་གནས་ཆེན་པོ་དང་། ཟོག་འགྲེམས་ཆེན་པོ། ཁྲོམ་ར་ཆེན་པོ། ཉོ་ཚོང་ཆེན་པོ”བཅས་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ལ། སྐམ་ས་དང་གྲུ་ཁའི་ཟོག་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་དེས་ཚ་འདམ་གཞོང་ས་ཁུལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཚ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་དང་འཕེལ་རྒྱས་བཅས་ཀྱི“སྒུལ་ཤུགས་གསར་པ”ཞིག་ཏུ་འགྱུར་རྒྱུར་ནུས་ལྡན་སྐུལ་འདེད་བྱས་ཡོད་པ་རེད། 

རྣམ་གྲངས་དེས་ན་གོར་མོ་གྲོང་ཁྱེར་གྱི་དཔལ་འབྱོར་མགྱོགས་མྱུར་གྱིས་ཕྱི་ཕྱོགས་སུ་སྣེ་ཁྲིད་བྱེད་པར་ཁྲིད་སྟོན་ནུས་ལྡན་བྱས་ནས་སྐམ་སའི་གྲུ་ཁའི་ཟོག་འགྲེམས་ལྟེ་གནས་དེ་མཚོ་སྔོན་ནུབ་རྒྱུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་དང་ནུབ་རྒྱུད་ས་ཁུལ་གྱི་ཕྱོགས་བསྡུས་ཟོག་འགྲེམས་རྩེ་གྲ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ན་གོར་མོ་གྲོང་ཁྱེར་གྱིས་བོད་ལྗོངས་དང་ཤིན་ཅང་དུ་བསྐྱོད་པར་སི་ཁྲོན་དང་སྦྲེལ་མཐུད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་དང་། བོད་ལྗོངས་ཀྱི་ཟོག་འགྲེམས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱ་རྒྱུ། ནུབ་རྒྱུད་ཟོག་འགྲེམས་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་བྱས་ནས་ན་གོར་མོ་གྲོང་ཁྱེར་འདི་ཉིད་ནུབ་རྒྱུད་ས་ཁུལ་གྱི་མ་འཇོག་སྟབས་བདེ་ཤོས་དང་། ཞབས་ཞུ་ནུས་བ་ལྡན་ཤོས། དོ་དམ་ཚད་ལྡན་བཅས་ཀྱི་གྲོང་ཁྱེར་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་བྱས་ཡོད།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།