ལྗང་མདོག་གི་གོང་བདེའི་གློག་ཤུགས་དུད་ཚང་ཁྲི་སྟོང་གི་ཁྱིམ་དུ་ཐོན་པ།

(科技)(1)绿色平价电力走进千家万户

འདི་ནི་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོ་གྲོང་ཁྱེར་གྱི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ཞིག་རེད།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འགག་གསུམ་ནུས་རྒྱུ་གསར་བའི་གོར་མོ་གྲོང་ཁྱེར་གྱི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་དྲ་ཞུགས་གློག་རིན་ཆ་སྙོམས་ཏུའུ་རེར་སྒོར་0.316ཡིན་པ་དང་། དེ་ས་གནས་དེ་གའི་རྡོ་སོལ་དང་གློག་རིན(ཏུའུ་རེར་སྒོར་0.3247ཡིན་པ)ལས་སྐར་མ་1གིས་དམའ་བ་ཡོད་པས་ནུས་རྒྱུ་གཙང་མའི་གོང་བདེའི་གློག་ཤུགས་དུད་ཚང་ཁྲི་སྟོང་མང་པོར་སླེབས་རྒྱུར་སྐུལ་མ་ཐེབས་ཡོད།

འབྲི་ཆུའི་འགག་གསུམ་གྱི་ནུས་རྒྱུ་གསར་པ་ཀྲའོ་ཝ500MWཡི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་ཉེར་སྤྱོད་སྣེ་ཁྲིད་མཁན་སྐབས་གསུམ་པའི་རྣམ་གྲངས་ཀྱི་གྲས་ཤིག་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་སྲོལ་རྒྱུན་གྱི་མ་འཇོག་དང་། ལག་རྩལ། ས་ཆ་སྤྱོད་པ་སོགས་ཀྱི་ཚོད་འཛིན་གྱི་རྒྱུ་རྐྱེན་ལས་སྒྲོལ་གང་ཐུབ་བྱས་ཏེ་རྒྱལ་ནང་གི་གཞུང་བཅད་རིན་གོང་གི་དྲ་ཞུགས་དང་འཚམ་པའི་ལས་གྲྭ་འཛུགས་སྐྲུན་དང་ལག་རྩལ་ལག་བསྟར་ཇུས་གཞི་འཚོལ་ཞིབ་བྱས་ཡོད།

“རྣམ་གྲངས་དེ་2018ལོའི་ཟླ་12ཚེས་29ཉིན་དྲ་སྦྲེལ་གློག་འདོན་བྱས་པ་ནས་བཟུང་རྣམ་གྲངས་འཁོར་སྐྱོད་ཡག་པོ་བྱུང་ཡོད། 2019ལོའི་ཟླ་10ཚེས་30ཉིན་བར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཏུའུ་དུང་ཕྱུར་4.1ཟིན་ཡོད། ”ཅེས་འགག་གསུམ་ནུས་རྒྱུ་གསར་པའི་གློག་ཁང་གི་ས་ཚིགས་ཀྱི་དོན་གཅོད་པ་ཏུང་ཝུའེ་ཕིང་གིས་གསར་འགོད་པར་བཤད།

(科技)(2)绿色平价电力走进千家万户

འདི་ནི་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོའི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ཞིག་རེད། 

(科技)(3)绿色平价电力走进千家万户

འདི་ནི་ལས་བཟོ་བས་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོའི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ལ་ལྟ་ཞིབ་བྱེད་བཞིན་པ། 

(科技)(4)绿色平价电力走进千家万户

འདི་ནི་ལས་བཟོ་བས་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོའི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ལ་ལྟ་ཞིབ་བྱེད་བཞིན་པ། 

(科技)(5)绿色平价电力走进千家万户

འདི་ནི་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོའི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ཞིག་རེད། 

(科技)(6)绿色平价电力走进千家万户

འདི་ནི་ལས་བཟོ་བས་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོའི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ལ་ལྟ་ཞིབ་བྱེད་བཞིན་པ། 

(科技)(7)绿色平价电力走进千家万户

འདི་ནི་འགག་གསུམ་ནུས་རྒྱུ་གསར་བའི་གོར་མོའི་ཀྲའོ་ཝ500ཡི་རྣམ་གྲངས་ཀྱི་ཉི་ནུས་གློག་སྣོད་ཀྱི་ཆ་ཤས་ཞིག་རེད། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།