མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གནས་ཚུལ་ཁྱབ་བསྒྲགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་སྡེ་ཁག་གདན་དྲངས་ཏེ་རང་སོ་སོའི་བྱ་བའི་གཙོ་གནད་དང་ཟུང་འབྲེལ་གྱིས་ཆེད་དོན་ཁྱབ་བསྒྲགས་སྤེལ།

ཚོགས་ཐོག་ཏུ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བ། སྐྱེ་ཁམས་ཁ་གསབ་སྒྲིག་སྲོལ་ལམ་སྲོལ་འཛུགས་པ། ས་ཁང་བདག་ཁོངས་ཁྲོམ་ར། ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་ལག་བསྟར་གནས་ཚུལ། ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཁྱབ་བསྒྲགས་བྱས།

གནས་ཚུལ་ཁྱབ་བསྒྲགས་ཀྱི་ཆེད་དོན་ཚོགས་འདུ་ནི་སྲིད་གྲོས་ཨུ་ཡོན་གྱིས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། གནས་ཚུལ་ཁྱབ་བསྒྲགས་ཀྱི་ཆེད་དོན་ཚོགས་འདུའི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་ཆེད། ཞིང་ཆེན་སྲིད་གྲོས་ཀྱིས་ཚོགས་འདུ་མ་འཚོགས་གོང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་བཅས་ཀྱི་འདོད་མོས་ཀྱི་ཁ་བྱང་འཚོལ་སྡུད་བྱས་པ་དང་། དེའི་ཁྲོད་ནས་བསམ་འཆར་ཅུང་གཅིག་སྡུད་དང་དོ་ཁུར་བྱེད་ཚད་ཅུང་མཐོ་བའི་བརྗོད་གཞི10བསྡུས་ནས་འབྲེལ་ཡོད་སྡེ་ཁག་ལ་ཆེད་དོན་ཁྱབ་བསྒྲགས་བྱེད་རྒྱུའི་རེ་བ་བཏོནཔ་རེད། ཚོགས་ཐོག་ཏུ་སྲིད་གྲོས་ནང་ཞུགས་མཁན་གྱི་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་གནས་ཚུལ་ཁྱབ་བསྒྲགས་ཀྱི་ཚོགས་འདུའི་རྣམ་པ་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་པོ་ཤེས་པའི་རྨང་གཞིའི་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་གྲོས་གཞི་དང་བརྟག་ཞིབ་ལྟ་ཞིབ་སོགས་ཀྱི་རྣམ་པ་སྤྱད་ནས་སྲིད་ཞུགས་སྲིད་གླེང་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་ཕན་འབྲས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།   

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན། ཨུ་ཡོན་ལྷན་ཁང་དུ་སྡོད་པའི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།