ལིག་ཉིང་གིས་མགོ་འཛིན་བྱས་ཏེ་ལོ་ལྔའི་ཚན་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལིག་ཉིང་གིས་མགོ་འཛིན་བྱས་ཏེ་ལོ་ལྔའི་ཚན་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུ་སྐབས་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།  བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཤུགས་ཆེན་པོས་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྒྲིག་བཟོ་འཆར་འགོད་བྱེད་པ།   རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་།  ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གཉིས་གྲོས་ཚོགས་ལ་ཞུགས།

ལིག་ཉིང་གིས་བསྟན་དོན།   འཆར་འགོད་ནི་དུས་རབས་འཕེལ་རྒྱས་ཀྱི་ཕྱོགས་སྟོན་དང་། བཟོ་སྐྲུན་ནི་དུས་རབས་འཕེལ་རྒྱས་ཀྱི་མཚོན་རྟགས་ཡིན།   མཚོ་སྔོན་གྱི་ས་རྒྱ་ཆེ་བ་དང་མི་གྲངས་ཉུང་བ།   རང་བྱུང་ཆ་རྐྱེན་མི་བཟང་བ།   མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་བཅས་ཀྱིས་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་བསལ་རང་བཞིན་ཐག་གཅོད་བྱས་ཡོད་པ་དང་།  མཐུན་སྒྲིལ་འབད་འཐབ་ཀྱི་གལ་ཆེན་རང་བཞིན་དང་འཆར་འགོད་མངོན་འགྱུར་གྱི་དམིགས་བསལ་རང་བཞིན་ཐག་གཅོད་བྱས་ཡོད།  དེ་བས།    འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པ་བཏོད་པའི་གནས་བབ་གསར་པ་དང་བླང་བྱ་གསར་པར་དམིགས་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བཟང་བོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན།  ཁྱོན་ཡོངས་ལ་འཆར་འགོད་བྱེད་པར་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།  གནད་དོན་གཙོ་བོའི་ཐད་ནས་རིགས་སྒྲུབ་ནན་མོ་བྱེད་པ་དང་།  བཟོ་སྐྲུན་གལ་ཆེན་ལ་མ་ལག་ལྡན་པའི་འཆར་འགོད་བྱེད་པ།   བར་སྟོང་གལ་ཆེན་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པ།  འབྲེལ་བ་གལ་ཆེན་མཐུན་སྦྱོར་བཟང་བོ་བཅས་བྱེད་དགོས་པ་དང་།    འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་སྲ་བརྟན་དུ་གཏོང་བ་དང་དེང་རབས་ཅན་གྱི་བགྲོད་ལམ་གསར་པ་བཏོད་པ།   མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་གཞོང་སའི་ལྗང་མདོག་འཕེལ་རྒྱས།     ཐོན་ཁུངས་ནུས་ཡོད་སྒོས་བེད་སྤྱོད་བྱེད་པ་དང་ཚན་རིག་ལྟར་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་པ།   མི་གྲངས་གཅིག་བསྡུས་དང་མཁར་གྲོང་ཅན་འཛུགས་སྐྲུན།   རྒྱལ་ཁབ་འཐབ་ཇུས་དང་ཞིང་ཆེན་སྐྱོང་བའི་ཐབས་ཇུས།   རྒྱང་རིང་གི་དམིགས་འབེན་དང་ཉེ་དུས་ཀྱི་དམིགས་འབེན།   མཚོ་སྔོན་ལ་རོགས་སྐྱོར་སྣེ་ཁྲིད་དང་རང་ཉིད་འཕེལ་རྒྱས་སོགས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས།  མ་ལག་མཉམ་སྒུལ་ལ་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།   མཚོ་སྔོན་གྱི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་སྲིད་ཇུས་གལ་ཆེན་དང་བཟོ་སྐྲུན་གལ་ཆེན།   བཅོས་སྒྱུར་གལ་ཆེན་བཅས་ལ་དམིགས་ནས་བྱ་བ་སོ་སོར་ཞིབ་འཇུག་ནན་མོ་བྱེད་དགོས།   འབུར་ཐོན་གནད་དོན་ལ་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།   དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་དགོས་ལ། འཆར་འགོད་དུས་སྐབས་ཀྱི་འཕེལ་རྒྱས་གཙོ་གནད་འབུར་ཐོན་བྱེད་དགོས་པ་དང་།   དགོས་མཁོ་གཅིག་བསྡུས་ཁྲོད་ཀྱི་འབུར་ཐོན་ཁྱབ་ཁོངས་དང་ལས་འགན་གཏན་ཁེལ་གསལ་བོ་བྱེད་དགོས།  མཐུན་སྦྱོར་སྦྲེལ་མཐུད་ལ་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།  རྒྱལ་ཁབ་ཀྱི་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་འཆར་འགོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བ།   ཕྱོགས་བསྡུས་འཆར་འགོད་དང་ཆེད་དོན་འཆར་འགོད་སོགས་བར་གྱི་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་།     རང་བྱུང་དང་སྤྱི་ཚོགས།  སྲུང་སྐྱོབ་དང་འཕེལ་རྒྱས།   བོད་ཁུལ་དང་ས་ཁུལ་གཞན་པ།   མཁར་གྲོང་དང་ཞང་སྡེ་སོགས་བར་གྱི་གཅིག་གྱུར་མཐུན་སྦྱོར་ལ་མཐོང་ཆེན་བྱེད་དགོས།  འཕེལ་རིམ་ལ་རྒྱུས་ལོན་བྱེད་པར་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།   སྔོན་ལ་འཆར་འགོད་དང་བརྟན་འཇགས་འཕེལ་རྒྱས་བཏང་སྟེ་འཆར་འགོད་སྒྲིག་བཟོ་བྱ་བ་བཟང་བོར་བསྒྲུབ་པ་དང་དངོས་ཡོད་ཕན་ནུས་ཐོབ་པར་འགན་སྲུང་བྱེད་དགོས།  འཆར་འགོད་སྤུས་ཚད་ལ་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།  རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱེད་པ་དང་།   ཚན་རིག་ལྟར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ།   དམངས་གཙོ་གྲོས་མོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཆར་འགོད་ཀྱི་ཁ་ཕྱོགས་རང་བཞིན་དང་མཛུབ་སྟོན་རང་བཞིན།   ཚོད་འཛིན་ནུས་པ་དང་སྣེ་ཁྲིད་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས།   རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚད་མཐར་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།  སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།  འགན་འཁྲི་ཇེ་དྲག་ཏུ་གཏོང་བར་སྔར་ལས་མཐོང་ཆེན་བྱེད་དགོས་ཏེ།  འཆར་འགོད་གཏིང་ཟབ་དང་ཞིབ་འཇུག་ནན་མོ་བྱེད་པ་དང་།  ཕྱོགས་བསྡུར་འཆར་འགོད་དང་གཅིག་བསྡུས་གསར་གཏོད་ཇེ་དྲག་ཏུ་གཏོང་བ།  དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་དང་སྒྲིག་གཞི་ལུགས་མཐུན་ཡིན་པ།   སྒུལ་ནུས་དང་དགོས་མཁོ་གཅིག་མཚུངས་ཡིན་པ།   འབད་འཐབ་ལ་བར་སྟོང་ངེས་ཅན་ཡོད་པའི་སྤུས་ཚད་མཐོ་བའི་འཆར་འགོད་ཅིག་སྒྲིག་བཟོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།