ཐེམ་ཆེན་རྫོང་གི་གཅེས་སེམས་ལྕགས་རི་རིང་མོ།

ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།---2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་བྱེད་སྒོའི་ཁག་བཅུ་བཞི་པ་སྟེ་ཐེམ་ཆེན་རྫོང་གི་གཅེས་སེམས་ལྕགས་རི་རིང་མོ། 

微信图片_20191106102408.jpg


微信图片_20191107090922.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས31ཉིན་གྱི་སྔ་དྲོ་། ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།---2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་གསར་འགྱུར་སྨྱན་བྱད་སྣ་འཛོམས་བཅར་འདྲི་བྱ་འགུལ་གྱི་བཅར་འདྲི་ཚོགས་པ་ཐེམ་ཆེན་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་བསྐྱོད་པ་དང་། དེ་གའི་འགན་འཁུར་པ་སྒྲོལ་མ་རྒྱལ་གྱི་སྣེ་ཁྲིད་འོག་ཟ་ཁང་དང་། བདེ་ཐང་སླར་གསོའི་སྦྱོང་བརྡར་ལྟེ་གནས། ལོང་པའི་འཕུར་མཉེད་ཁང་སོགས་ལ་ལྟ་སྐོར་བཅར་འདྲི་བྱས།

སྒྲོལ་མ་རྒྱལ་ནི་ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་ཡིན་པ་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་ནས་བཟུང་། དུས་དང་རྣམ་པ་ཀུན་ཏུ་ཏང་སྲིད་ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པ་དང་། སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་ལ་དོ་ཁུར་བྱེད་པ། མང་ཚོགས་ཀྱི་རེ་སྒུག་བྱ་ཡུལ་གཙོ་བོ་བཅས་ནི་རང་ཉིད་ཀྱི་ལས་འགན་ལེགས་པར་སྒྲུབ་པའི་འགག་རྩ་ཞིག་ཏུ་བརྩིས་ཡོད་པ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅང”རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བཟུང་སྟེ། རང་ཉིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པར་ཧུར་བརྩོན་བྱེད་བཞིན་ཡོད།

微信图片_20191107090859.jpg

གསར་འགོད་པས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལི་ཧྲི་ཀྲང་སྒྲོལ་མ་རྒྱལ་གྱིས་བཅར་འདྲི་བྱས་པ་བརྒྱུད་འབྲོག་པ་འབོར་ཆེན་ཞིག་རྫོང་ཐོག་ཏུ་གཞིས་ཆགས་པ་དང་། རྒྱལ་ཁབ་ཀྱི“ཕྲུ་གུ་གཉིས་སྐྱེ་བའི”སྲིད་ཇུས་ལག་བསྟར་བྱས་པ། དེ་བཞིན་ཕྱི་ནས་ཡོང་བའི་ལས་མི་མང་དུ་ཕྱིན་པ་སོགས་རྒྱུ་རྐྱེན་མང་པོའི་དབང་གིས་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མང་པོ་ཐོན་ཡོད་པ་རེད། དང་ཐོག་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ཐེམ་ཆེན་རྫོང་གི་ད་ཡོད་བུ་བཅོལ་ཁང་གིས་བུ་བཅོལ་གྱི་དགོས་མཁོ་དེ་བས་མང་བ་སྐོང་ཐུབ་ཀྱི་མེད། གཞན་ཡང་ཐེམ་ཆེན་རྫོང་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོན་པོ་མེད་པ་དང་ཆེད་ལས་ཤེས་ལྡན་མི་སྣ་མང་པོ་མེད་པས་ནད་གཞི་ཚབས་ཆེན་ཕོག་ཡོད་པ་རྣམས་དྲག་དཀའ་བར་གྱུར་ཡོད། དེར་བརྟེན་ཁོས་སྔ་རྗེས་སུ་བརྟག་ཞིབ་ཐེངས་མང་དང་གྲོས་གཞི་ཐེངས་མང་བཏོན་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་ལ་བློས་འགེལ་ཆོག་པའི་གཞི་འཛིན་ས་མཁོ་འདོན་གནང་བ་རེད།

微信图片_20191107090904.jpg

ཁོའི་གྲོས་གཞིར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད། ཇུས་འགོད་ཧུར་ཐག་བྱེད་བཞིན་པའི་སྒང་ཡིན་ཏེ། དཔེར་ན། བུ་བཅོལ་ཁང་འཛུགས་སྐྲུན་བྱ་རྒྱུ་འཆར་འགོད་བྱས་ཏེ་ད་ལྟ་དངོས་སུ་བསྐྲུན་བཞིན་ཡོད་པ། གཞུང་བཙུགས་སྨན་ཁང་གི་ལས་སྒོའི་ནུས་པ་ཆེ་རུ་གཏོང་ཆེད། སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པར་མ་ཟད། ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་ཐད་ལ་མ་དངུལ་སྒོར་ཁྲི80བཏང་བ་རེད། ཐེམ་ཆེན་རྫོང་མི་དམངས་སྨན་ཁང་གིས་ད་དུང་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ་དང་མཉམ་དུ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་རིགས་གཅིག་མཁས་པ་སྨན་བཅོས་ལ་ཞུགས་པ་དང་། ལག་རྩལ་མཐོར་གཏོང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་གཞི་རྩའི་གནད་དོན་ཐག་གཅོད་བྱས་ཤིང་། མི་སེར་གྱིས་ཐག་ཉེ་སར་ནད་ལྟ་བར་ཆེད་ལས་ལག་རྩལ་གྱི་འགན་ལེན་ཡང་བྱས་པ་རེད།

微信图片_20191107090841.jpg

微信图片_20191107090917.jpg

རྒྱུས་ལོན་བྱུང་བ་ལྟར་ན། སྒྲོལ་མ་རྒྱལ་གྱིས་ཞིང་ཆེན་དང་ཁུལ་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཁྱོན་སྒོར་ཁྲི200ལྷག་ཙམ་བརྩོན་ལེན་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་འགག་སྒྲོལ་དང་ཟུང་འབྲེལ་གྱིས་སྔ་རྗེས་སུ་མི་ཐེངས1000ལྷག་ཙམ་ལ་འཚམས་འདྲིའི་མ་དངུལ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི100སྤྲད་པ་དང་། “རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ”སྤྱད་དེ་དབང་པོ་སྐྱོན་ཅན200ལྷག་ཙམ་ལ་རམ་འདེགས་ཡོ་ཆས་འོས་འཚམ་གནད་སྨིན་སྤྲད་པར་མ་དངུལ་སྒོར་ཁྲི20ལྷག་ལ་སླེབས་པ། རུས་ནད་ཕོག་པའི་མི150ལྷག་ཙམ་ལས་མི30ལྷག་ཟི་ལིང་ཧུན་ཨན་རུས་ནད་སྨན་ཁང་དུ་སྨན་བཅོས་བྱེད་པར་མངགས་པ། ཀླད་སྐྱོན་ཕོག་པའི་བྱིས་པ14ལ་ལུས་གསོའི་རོགས་སྐྱོབ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི7བཏང་བ། མིག་སྔར་དབང་པོ་སྐྱོན་ཅན་གྱི་བྱིས་པ4ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་ལུས་གསོའི་སྨན་ཁང་དུ་སྨན་བཅོས་བྱས་པ། སེམས་ནད་ཚབས་ཆེན་བྱུང་བའི་ནད་པ29ལ་རོགས་སྐྱོབ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དབུལ་པོ70ཡི་སྡོད་ཁང་གནད་དོན་གཅིག་རྗེས་གཉིས་མཐུད་ངང་ཐག་གཅོད་བྱས་པ་དང་། དབང་པོ་སྐྱོན་ཅན་དུད་ཚང106གི་མི110ལ་ཡིག་ཚགས་དང་གཱ་བཟོས་ཏེ་སྡོད་ཁང་བཀོད་སྒྲིག་བྱས་པ། མི74ལ་ཡིག་ཚགས་དང་གཱ་བཟོས་ཏེ་ལས་ཀ་བཀོད་སྒྲིག་བྱས་པ་བཅས་དབང་པོ་སྐྱོན་ཅན1000ལྷག་ཙམ་ལ་ཕན་བཏགས་པ་རེད། ཐེམ་ཆེན་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག ལས་ཞུགས་རྒྱུན་མཐུད་འགག་སྒྲོལ་བགྱིས་པས་སྔ་རྗེས་སུ་ལས་ཞུགས་བྱས་པ་མི132ལ་སླེབས་པ་དང་། སློབ་ལོ་རན་པའི་བྱིས་པ28འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་དུ་བཅུག་པ། སློབ་མ3ལ་སྒོར་བསྙེགས་སློབ་གསོ་སྤེལ་བ་བཅས་བསྡོམས་པའི་སློབ་མ102ཀྱིས་ཁོ་ཚོའི་སློབ་སྦྱོང་གི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་དངུལ་སྒོར་ཁྲི17.2ལྷག་བཏང་བ། དེ་དང་ཆབས་ཅིག་དབང་པོ་སྐྱོན་ཅན་གྱི་བྱིས་པ་ན་གཞོན52ལ་སློབ་གསོ་རོགས་སྐྱོར་བྱས་པར་རོགས་དངུལ་སྒོར་ཁྲི4.8ལ་སླེབས་པ་དང་། རིམ་རྩིས་བྱས་ན་སློབ་ཞུགས་གོང་གི་སློབ་གསོའི་རོགས་སྐྱོར་མི5ཡོད་པ་དང་། 2018ལོའི་ཟླ10པའི་ཟླ་མཇུག་ཏུ། མི20ལ་དུས་ཡུན་ཉིན20རིང “ཡིག་རྨོངས་སེལ་བའི”གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། །


རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།