ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས་ལ་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན་མཚོ་ཤར་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་ཚོགས་འདུ་འཚོགས་ནས། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2018ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སྒྲིག་འཛུགས་བྱས་པ་རེད། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཡོན་ལིན་ཚོགས་འདུར་ཞུགས་ནས་འབྲེལ་ཡོད་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་འགན་ལྕི་བ། རྫོང་དང་། ས་ཁུལ། སྡེ་ཚན་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་དོན་འཁྱོལ། གཙོ་གནད་མངོན་གསལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དང་སྣོད་བཅུད་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད། མདུན་དུ་ལྷགས་པའི་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློའི་ཐད་དོགས་ཟོན་དང་། བྱེད་ཐབས་ཐད་སྔར་བས་ནུས་པ་ལྡན་པ། ལས་ཀ་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས་པར་བསྟན། 

ཚོགས་འདུའི་ཐོག་ཡོན་ལིན་གྱིས་རྫོང་དང་ས་ཁུལ་གྱི་མི་དམངས་སྲིད་གཞུང་གི་དམིགས་ཚད་འགན་ལེན་ཡིག་ཆའི་སྟེང་མིང་རྟགས་བཀོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།