ཀྲུང་གོའི་བོད་སྨན་ཚད་ལྡན་ཅན་ཁྱབ་ཁོངས་ཀྱི་ཆེས་ཐོག་མའི་རང་བྱུང་ཐོན་དངོས་རྒྱལ་ཁབ་ཚད་ལྡན་ཞིབ་བཤེར་དངོས་བཤེར་ཁང་ལ་ཆོག་མཆན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡིས་ཟླ11པའི་ཚེས4ཉིན་བསྒྲགས་པ་ལྟར་ན། ཀྲུང་གོའི་བོད་སྨན་ཚད་ལྡན་ཅན་ཁྱབ་ཁོངས་ཀྱི་ཆེས་ཐོག་མའི་རང་བྱུང་ཐོན་དངོས་རྒྱལ་ཁབ་ཚད་ལྡན་ཞིབ་བཤེར་དངོས་བཤེར་ཁང་ལ་ཆོག་མཆན་ཐོབ།  དངོས་བཤེར་ཁང་འདིས་ཁྱབ་ཁོངས་ཁྱད་རྟགས་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས།

U843P924DT20191105091024.jpg

བོད་ཀྱི་གསོ་བ་རིག་པ་དང་། རྒྱ་གར་རིག་བྱེད་ཀྱི་གསོ་རིག ཀྲུང་ལུགས་གསོ་རིག ནུབ་ཕྱོགས་ཀྱི་སྲོལ་རྒྱུན་གསོ་རིག་བཅས་ལ་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་རྣམ་བཞི་རུ་འབོད་ལ། 2006ལོར་བོད་ཀྱི་གསོ་རིག་དེ་ཀྲུང་གོའི་ཆེས་ཐོག་མའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་ཚུད་པ་རེད།

བོད་སྨན་ཚད་ལྡན་ཅན་ལས་སྣོན་བྱ་རྒྱུ་ནི་གསོན་གཤིས་ཅན་གྱི་རྫས་འགྱུར་གྲུབ་ཆ་དེ་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས་བོད་སྨན་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་རྫས་འགྱུར་དངོས་རྫས་ཀྱི་ལྟོས་ཟླའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ལིས་ཡུས་ལིན་གྱིས། ཚད་ལྡན་ཐོན་རྫས་ཀྱི་བེད་སྤྱོད་ཀྱིས་བོད་སྨན་སྨན་རྫས་ཚད་ལྡན་ཅན་དང་ཚོད་འཛིན་ཅན་གྱི་མ་ལག་བསྐྲུན་པར་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་ནུས་པ་མ་ཟད། བོད་སྨན་གསར་སྤེལ་དང་གསར་གཏོད་བྱེད་པར་ནུས་པ་གང་ལེགས་འདོན་ཐུབ་ལ་བོད་སྨན་དེ་སྲོལ་རྒྱུན་གྱི་རྣམ་པ་ནས་ཚད་ལྡན་ཐོན་ལས་ཅན་དུ་བསྒྱུར་པར་རྨང་གཞི་བཏིང་བ་རེད།

U843P924DT20191105091046.jpg

རྒྱུས་ལོན་པ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་བོད་སྨན་སྨན་སྣ7ལ་ཞིབ་འཇུག་ལེགས་འགྲུབ་བྱུང་ནས་རྒྱལ་ཁབ་རང་བྱུང་ཐོན་དངོས་ཀྱི་ཚད་ལྡན་ཐོན་རྫས་ནང་ཞུགས་ཐུབ་པ་བྱུང་།

མཚོ་སྔོན་ནི་ཀྲུང་གོའི་བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གཙོ་བོ་ཡིན་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་ལ་བོད་སྨན་ཐོན་སྐྱེད་ཁེ་ལས19ཡོད་པ་དང་། 2018ལོར་མཚོ་སྔོན་བོད་ལུགས་གསོ་རིག་གི་བཟོ་ལས་ཐོན་ཚད་དམངས་སྒོར་དུང་ཕྱུར26ལ་སླེབས་ཤིང་། དེས་ཀྲུང་གོའི་བོད་ལུགས་གསོ་རིག་གི་བཟོ་ལས་ཐོན་རིན་གྱི 44%ཟིན་ལ། བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྒྱ་དང་ཕྱོགས་བསྡུས་ནུས་ཤུགས་ཀྲུང་གོའི་རྩེ་མོར་སོན།

ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡིན་བསྟན་དོན། ཞིབ་འཇུག་ཁང་བཙུགས་པ་འདིས་བོད་སྨན་ཚན་ལྡན་ཅན་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་རྫས་འགྱུར་ལྟོས་ཟླ་སོགས་ཀྱི་ལག་རྩལ་གནད་དོན་སེལ་བར་དཔེ་མཚོན་གྱི་དོན་སྙིང་དང་བེད་སྤྱོད་ཀྱི་མདུན་ལྗོངས་རྒྱ་ཆེན་ལྡན་པར་བཤད། །(མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།