མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གཉིས་ཀྱིས་ཞིང་ཆེན་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་གནང་བའི་མཛད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།( གསར་འགོད་པ། བསོད་ནམས་རྒྱལ།) 2019ལོའི་ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་གནང་བའི་མཛད་སྒོ་སྤེལ་བ་རེད། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཆེན་ཏང་ཨུ་བོད་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཞིང་ཆེན་ཏང་ཨུ་ཆོས་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དཔའ་ཕྱུག  ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེན་ཡོན་ཚའེ། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲེན་དབྱི་ཀུང་། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒར་བ་ངག་དབང་བཟང་པོ། མཚོ་སྔོན་ནང་བསྟན་སློབ་གླིང་སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་ཨོའུ་རྒྱ་ཚང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་བྷ། ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཐོབ་ཐང་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སྦྱིན་པ་དར་རྒྱས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་མཛད་སྒོར་ཞུགས་ཡོད།

图一.jpg

ཚོགས་རའི་ཡུལ་དངོས།

AF4A0358.jpg

ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཞིང་ཆེན་ཏང་ཨུ་བོད་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཞིང་ཆེན་ཏང་ཨུ་ཆོས་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དཔའ་ཕྱུག་གིས་གསུང་བཤད་གལ་ཆེན་གནང་བ།

AF4A0126.jpg

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེན་ཡོན་ཚའེ། 

AF4A0162.jpg

ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཁྲེན་དབྱི་ཀུང་། 

AF4A0257.jpg

ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་བྷས་ཚོགས་འདུར་འགོ་འཛིན་གནང་བ།

AF4A0168.jpg

ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ། 

AF4A0181.jpg

མཚོ་སྔོན་ནང་བསྟན་སློབ་གླིང་སློབ་སྟོན་ཁྲུའུ་ཡི་ཁྲུའུ་ཀྲང་ཨོའུ་རྒྱ་ཚང་།

AF4A0173.jpg

ཞིང་ཆེན་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཐོབ་ཐང་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སྦྱིན་པ་དར་རྒྱས།

ལོ50ཡན་གྱི་དགོན་སྡེའི་དཔེ་ཁྲིད་དགེ་རྒན་དང་། 2019ལོའི་སྐབས་དང་པོའི་དཔེ་ཁྲིད་དགེ་རྒན་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་། ས་གནས་ཁག་གི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཁུར་བ། ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་མ་སོགས་མི350ལྷག་《ཐོབ་ཐང་དཔང་ཡིག》གནང་བའི་མཛད་སྒོར་ཞུགས་ཡོད་ལ། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་།ཞིང་ཆེན་ཏང་ཨུ་བོད་ཁུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཞིང་ཆེན་ཏང་ཨུ་ཆོས་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དཔའ་ཕྱུག་གིས་གསུང་བཤད་གལ་ཆེན་གནང་།

མཛད་སྒོའི་སྟེང་ཆེས་མཐོའི་རིམ་པའི་དཔེ་ཁྲིད་དགེ་རྒན་སྦྱིན་པ་དར་རྒྱས་དང་། སྒར་བ་ངག་དབང་བཟང་པོ། མཐོ་རིམ་དཔེ་ཁྲིད་དགེ་རྒན་བསྟན་པ་ཡར་འཕེལ་བཅས་ཀྱིས་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་ཚབ་བྱས་ནས་གཏམ་བཤད་གནང་ཞིང་། ཁོང་ཚོས་བོད་བརྒྱུད་ནང་བསྟན་དགོན་པའི་དཔེ་ཁྲིད་དགེ་རྒན་གྱི་ཐོབ་ཐང་གཏན་འབེབས་བྱ་བ་ནི་ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་འཇོན་མི་གསོ་སྐྱོང་དང་བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་སྔར་བཞིན་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། ཏང་དང་སྲིད་གཞུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པ། ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། དགོན་སྡེའི་སློབ་གསོ་ཚད་ལྡན་ཅན་དུ་གཏོང་བ། གྲྭ་བཙུན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་དངོས་ཡོད་ཀྱི་ནུས་པ་གལ་ཆེན་ལྡན།

ཆེས་མཐོའི་རིམ་པའི་དཔེ་ཁྲིད་དགེ་རྒན་སྦྱིན་པ་དར་རྒྱས་དང་། སྒར་བ་ངག་དབང་བཟང་པོ། མཐོ་རིམ་དཔེ་ཁྲིད་དགེ་རྒན་བསྟན་པ་ཡར་འཕེལ་བཅས་ཀྱིས་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་ཚབ་བྱས་ནས་གཏམ་བཤད་གནང་།

ཐེངས་འདིའི་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་ཐོབ་ཐང་གཏན་འབེབས་བྱ་བའི་ཁྲོད་ཁྱོན་བསྡོམས་པས་དགུང་ལོ50ཡན་གྱི་དཔེ་ཁྲིད་དགེ་རྒན340ཡི་ཐོབ་ཐང་གཏན་འབེབས་བྱས་ཡོད་ལ། དེའི་ཁྲོད་ཆེས་མཐོའི་དཔེ་ཁྲིད་དགེ་རྒན53དང་། མཐོ་རིམ་དཔེ་ཁྲིད་དགེ་རྒན128 འབྲིང་རིམ་དཔེ་ཁྲིད་དགེ་རྒན77 དམའ་རིམ་དཔེ་ཁྲིད་དགེ་རྒན82བཅས་ཡོད།

AF4A0394.jpg

ཚོགས་ཞུགས་མི་སྣའི་མཉམ་པར།

རྩོམ་སྒྲིག་པ། བསོད་ནམས་རྒྱལ།

དཔྱད་མཆན 0 ཡོད།