འོད་ནུས་གློག་གཏོང་སྒྲིག་ཆས་བཙུགས་ནས་གྲོང་ཚོ་ཡོངས་འབྱོར་འབྲིང་གི་ལམ་དུ་ཁྲིད། ——བོད་ལྗོངས་དམག་ཁུལ་མཚོ་བོད་དམག་སྒར་ས་ཚུགས་པུའུ་ཡིས་གནད་འཁེལ་དབུལ་སྐྱོར་བྱ་བ་མུ་རུ་སྤེལ་བ།

༥.jpg

ལྷོ་བྱང་གཉིས་ཀྱི་རི་མགོར་ཁ་བས་གཡོགས་ཤིང་། རི་རྐེད་ཀྱི་གསོམ་སྡོང་དང་ཤུག་སྡོང་གིས་ཞོགས་པའི་ཉི་འོད་ལ་རེ་ཞིང་སྒུག་ནས་ཡོད། སྟག་ལུང་གྲོང་ཚོའི་གཞུང་ལམ་སྟེང་ལྭ་རིང་མཐུག་པོ་གྱོན་པའི་གྲོང་མི་འགའ་ཡར་ལངས་ནས་གྲོང་ཚོའི་ཕྱི་རོལ་གྱི་རི་འདབས་ཀྱི་ལམ་ཕྲན་ལ་རྒྱང་བལྟ་བྱེད་བཞིན་ཡོད་ལ། ཁོ་ཚོའི་རྒྱབ་ཀྱི་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་རྫ་གཡམ་དམར་པོའི་ཐོག་ཁང་སྟེང་གི་སྟར་ཕྲེང་སྒྲིག་པའི་འོད་ནུས་གློག་གཏོང་ཤེལ་ལེབ་སྟེང་དུ་ཉི་འོད་ཆེམ་ཆེམ་འཕྲོ་བཞིན་འདུག  

གསེར་མདོག་གི་སྟོན་ཟླ་བཅུ་པར་སྟག་ལུང་གྲོང་ཚོའི་གྲོང་མིས་སྟོན་མཇུག་གི་ཁ་བ་ཆེན་པོ་ཞིག་བསུས་ཡོད་པ་མ་ཟད། རིན་ཐང་སྒོར་ཁྲི60དང་ལོ་རེའི་ཆ་སྙོམས་ཐོན་འབབ་སྒོར་ཁྲི5.8ཙམ་ཟིན་ལ། གྲོང་མི723ལ་ཕན་ཁར་བསྐྲུན་ཐུབ་པའི་འོད་ནུས་གློག་ཁང་དངོས་སུ་འཛུགས་བསྐྲུན་བྱས་ཡོད།

དུས་ཡུན་ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་བྱང་ཤར་ཅའོ་ལན་ཆུའེ་རི་འདབས་སུ་གནས་པའི་སྟག་ལུང་གྲོང་ཚོ་ལ། རང་བྱུང་ཁོར་ཡུག་ཞན་པ་དང་། ཞིང་ལས་ཡོང་འབབ་དབུལ་བ། ཐུན་མོང་དཔལ་འབྱོར་དམའ་བ་བཅས་ཀྱི་རྐྱེན་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་གྲོང་ཚོ་དབུལ་པོའི་གྲས་སུ་བཅུག  རི་འདབས་སུ་གྲང་འགོག་ཐུབ་པའི་ཞོག་ཁོག་དང་པད་ཁ་སོགས་མཐོ་སྒང་གི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་པ་ནི་དེ་གའི་དུད་ཁྱིམ179ཡིས་ཆར་ཆུར་བརྟེན་ནས་འཚོ་བ་བསྐྱེལ་བའི་རྟེན་གཞི་གཙོ་བོ་ཡིན། དེ་བས་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་གྱི་བཀག་རྒྱ་ཐེབས་པའི་དབང་གིས་ཁོ་ཚོས་དཀའ་ཁག་ལ་མགོ་བོ་སྒུར་ནས་ད་བར་དུ་ལུས། 

༢.jpg

ན་ནིང་ལོ་འགོར་རྒྱལ་ཡོངས་དབུལ་སྐྱོར་འགག་སྒྲོལ་གྱི་དུས་སུ་སླེབས་པ་དང་བསྟུན་ནས་ཟི་ལིང་གྲོང་ཁྱེར་གྱི་དམག་དཔུང་དང་ས་གནས་རིམ་པ་ཁག་གིས་ཐག་རིང་ལུང་ཁུག་གི་རི་གྲོང་དེར་མིག་རྒྱང་རིང་དུ་བསྲིངས་ཏེ་ལག་རྩལ་རོགས་སྐྱོར་དང་སྨན་བཅོས་རོགས་སྐྱོར། དཔལ་འབྱོར་རོགས་སྐྱོར། ཐོན་ལས་རོགས་ཁྲིད་བཅས་བྱས་ཏེ་དཀའ་སྡུག་གི་འཚོ་བ་སྐྱེལ་བཞིན་པའི་གྲོང་ཚོ་འདི་གཞི་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་འགོ་ཚུགས།

བོད་ལྗོངས་དམག་ཁུལ་མཚོ་བོད་དམག་སྒར་ས་ཚུགས་པུའུ་ནི་སྔ་མོ་ནས་སྟག་ལུང་གྲོང་ཚོ་དང་རོགས་སྐྱོར་བྱ་ཡུལ་དུ་གྱུར་པའི་སྡེ་ཚན་གྱི་གྲས་ཤིག་ཡིན་ལ་སྟག་ལུང་གྲོང་ཚོར་མཉམ་སྡེབ་ཐོན་ལས་རོགས་སྐྲུན་བྱེད་སྔ་ཤོས་ཀྱི་སྡེ་ཚན་ཞིག་ཀྱང་ཡིན། རོགས་སྐྱོར་བྱས་པ་ནས་བཟུང་པུའུ་འདིའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྔ་རྗེས་སུ་ཐེངས10ལྷག་ཙམ་ལ་སྟག་ལུང་གྲོང་ཚོར་འཚམས་འདྲི་བྱེད་པར་བསྐྱོད་པ་དང་འབྲེལ་གྲོང་མི་ཚོར་དུས་བཅད་ལྟར་ཐེངས6ལ་སྨན་བཅོས་བྱས་པ་དང་། སྨན་རྫས་སྒམ10ལྷག་ཙམ་སྤྲད་དེ་གྲོང་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ཁག་སེལ་རོགས་བྱས།

༤.jpg

དུས་འགོའི་རྟོག་ཞིབ་དང་བརྟག་དཔྱད་བྱེད་སྐབས་པུའུ་འདིའི་དབུལ་ཐར་འགག་སྒྲོལ་ལས་དོན་ཚོགས་ཆུང་གིས་སྟག་ལུང་གྲོང་ཚོའི་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཞིང་ལས་ཀྱི་འཕྲུལ་ཆས་ཡོ་བྱད་ཉུང་བ་ནི་དེའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ཤེས་རྟོགས་བྱུང་སྟེ། ཏང་ཨུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད་ཁོང་ཚོས་དར་ལུང་གྲོང་ཚོར་ཁྱོན་སྒོར་ཁྲི46.8ཞལ་འདེབས་གནང་ནས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས2དང་། འདྲུད་འཐེན་འཁོར་ལོ་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་ཆས་ཆ་ཚང2ཞལ་འདེབས་གནང་ནས་རྨོ་ཞིང་འདེབས་པའི་ཆ་རྐྱེན་མཐོ་རུ་བཏང་བ་དང་ཞིང་ལས་ལས་ཆོད་མཐོ་རུ་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལ་རོགས་རམ་བྱས་པ་དང་ཆབས་ཅིག་གྲོང་མིའི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་བཏང་ནས། གྲོང་མི་མང་པོ་གྲོང་ཚོ་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ཞོར་ལས་ལ་བསྐྱོད་ཐུབ་པ་བྱས་པ་རེད།

༡.jpg

ཉེ་སྔོན་དམག་སྒར་ས་ཚུགས་པུའུ་ཡི་པུའུ་ཀྲང་དབྱི་ཅུན་གྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་སླར་ཡང་སྟག་ལུང་གྲོང་ཚོར་འཚམས་འདྲི་ཕེབས་པ་རེད། ཐེངས་འདིར་འཚམས་འདྲི་བྱེད་སྐབས་ཁོང་ཚོས་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་དང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་ཁང་བཅས་ལ་དང་མཉམ་འབྲེལ་གྱིས་སྟག་ལུང་གྲོང་ཚོའི་གྲོང་མིར་དངུལ་རྩ་དང་སྨན་བཅོས་དབུལ་སྐྱོར་བྱེད་སྒོ་སྤེལ་ནས་མང་ཚོགས་དབུལ་པོར་ཆེད་མཁས་རིམ་པ“སྒོ་འགྲམ་དུ་བསྐྱོད་དེ་སྨན་བཅོས་ཞབས་ཞུ”བྱས་པ་དང་འབྲེལ་འོད་ནུས་གློག་ཁང་འཛུགས་སྐྲུན་རོགས་རམ་རྣམ་གྲངས་ལ་ཕྱོགས་བསྡུས་རང་བཞིན་གྱི་རྟོག་ཞིབ་བྱས་པ་རེད། བྱེད་སྒོ་སྤེལ་བའི་རིང་ཁོང་ཚོས་ད་དུང་དུད་ཚང་དབུལ་པོར་གཅེས་སེམས་སྨན་སྒམ་ཞལ་འདེབས་གནང་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཞིབ་བཤེར་དང་སྨན་བཅོས་བྱེད་དགོས་པའི་མང་ཚོགས་དབུལ་པོར་སྨན་རིན་མི་དགོས་པར་སྨན་བཅོས་གཱ་སྤྲད་པ་རེད།

༦.jpg

རླངས་འཁོར་ནས་བབས་མ་ཐག་ལས་དོན་ཚོགས་ཆུང་དང་བཅས་པས་ཞིང་ནང་དུ་བྲེལ་འཚུབ་ཆེ་བའི་སྟོན་བསྡུའི་རྣམ་པ་མཐོང་བྱུང་ལ། སྟག་ལུང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས“ན་ནིང་ཁྱེད་ཚོས་གནང་བའི་ཞིང་ལས་ཡོ་བྱད་ཀྱིས་ད་ལྟ་དངོས་སུ་གྲོ་ནས་བསྡུ་བཞིན་ཡོད” ཅེས་བཤད་ཞོར་ལས་དོན་མི་སྣ་རེ་རེའི་མདུན་དུ་ཡོང་སྟེ་ལག་འཇུ་གནང་། “གྲོང་ཚོ་ཡོངས་ཀྱི་ས་ཞིང་ལ་མུའུ3796ཡོད་པར་ད་ལྟ་ཞིང་ལས་ཡོ་བྱད་ཀྱི་རོགས་རམ་ཡོད་པས། གྲོང་མི་ཚོས་སེམས་ཁྲལ་ཇེ་ཆུང་དང་ནུས་ཤུགས་གྲོན་ཆུང་བྱུང་བས་ཚང་མ་རྫོང་དང་གྲོང་ཁྱེར་དུ་ལས་ཀར་བསྐྱོད་པའི་སེམས་ཤུགས་ཀྱིས་ཁེངས་འདུག

  “གྲོང་མིའི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་གྲོང་ཚོའི་ཐོན་ལས་ཀྱི་གསོན་ཤུགས་ལ་ཚོད་འཛིན་ཐེབས་པའི་གནད་དོན་དེ་རྩ་བ་ཉིད་ནས་ཐག་གཅོད་བྱེད་ཐུབ་མེད་ལ” རི་ཁུལ་དུ་གནས་པའི་སྟག་ལུང་གྲོང་ཚོའི་གྲོང་མི་ཚོའི་ངོས་ནས་བརྗོད་ན། ས་ཞིང་རྨོ་འདེབས་བྱེད་སྟངས་ལ་ཐོག་མཐའ་བར་གསུམ་དུ་ཁྲོམ་ར་དང་ཁོར་ཡུག་གི་ཉེན་ཁ་ཉིས་བརྩེགས་འཕྲད་ཡོད་པས། “རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་དེ་ངེས་པར་དུ་མུ་མཐུད་དུ་རྒྱུན་བསྲིངས་དགོས་ཡོད། དམག་སྒར་ས་ཚུགས་པུའུ་ཡི་འགོ་ཁྲིད་ཀྱིས་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་སྟག་ལུང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བསམ་བློ་བརྗེ་རེས་བྱེད་སྐབས། གྲོང་ཚོ་སྤྱི་ཡོངས་དབུལ་ཐར་འགག་སྒྲོལ་བྱེད་པ་དང་བསྟུན་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་མུ་མཐུད་ལོངས་སྤྱོད་བྱེད་མི་ཐུབ་པས། གྲོང་ཚོ་འདི་དུས་ཡུན་རིང་བོར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དགོས་ཚེ་ངེས་པར་དུ་ཡུན་རིང་པོར་གྲོང་ཚོ་མཉམ་སྡེབ་ནུས་པར་སྐུལ་སྤེལ་བྱེད་དགོས་པ་ཤེས་རྟོགས་བྱུང་།

微信图片_20191105231916.jpg

ཕྱོགས་མང་པོ་ནས་རིགས་པའི་ཁུངས་སྐྱེལ་བྱས་པ་བརྒྱུད་ས་གནས་དེ་གའི་ས་དབྱིབས་ཁོར་ཡུག་བེད་སྤྱོད་གང་ལེགས་ཐུབ་པའི་འོད་ནུས་གློག་གཏོང་སྒྲིག་ཆས་ཀྱི་རོགས་སྐྲུན་རྣམ་གྲངས་གྲོས་གཞི་མང་པོའི་ཁྲོད་འབུར་དུ་ཐོན་ཡོད་པ་རེད། “འོད་འཕྲོའི་དུས་ཡུན་རིང་བ་དང་མཁའ་རླུང་གི་གསལ་ཚད་ཆེ་བས་གློག་ཁང་བསྐྲུན་རྗེས་སྨི70ཙམ་ཡང་མེད་པའི་གློག་སྐུད་ཅིག་གློག་དྲར་སྦྲེལ་ཐུབ་ཡོད་པ་མ་ཟད། དེ་སྤྱོད་ཐེངས་གཅིག་ལ་ལོ་ངོ20འགོར་ཡོད་པ་རེད། ” སྔོན་ལ་ཞིང་ལས་ཡོ་བྱད་གནང་བའི་བཅིངས་འགྲོལ་དམག་གིས་སླར་ཡང་གློག་ཁང་འཛུགས་བསྐྲུན་བྱ་རྒྱུའི”གཏམ་བཟང་དེ་སྟག་ལུང་གྲོང་ཚོའི་གྲོང་མི་ཡོངས་ཀྱིས་སྒྲོག་བཞིན་འདུག

 “ལོ་མཇུག་ཏུ་གྲོང་ཚོའི་ནང་གློག་ཤུགས་གློག་དྲ་སྐྱེལ་ཐུབ་ཡོད་པ་དང་། འོད་གློག་གི་ཤེལ་ལེབ་སྟེང་ཉི་འོད་འཕྲོས་ནས་གློག་ཤུགས་བྱུང་ཚེ་གྲོང་ཚོའི་དུད་ཁྱིམ་ཚང་མར་གློག་འདྲེན་ཐུབ་པ་རེད། བསྐྲུན་མ་ཐག་པའི་འོད་ནུས་གློག་ཁང་གི་མདུན་དུ་གྲོང་མི་ཚོ་དགའ་བ་འབུམ་གྱིས་མྱོས་ཡོད། “ང་ཚོའི་འཆར་གཞི་ལྟར་ན5:3:2ཀྱི་བྱ་ཐབས་ལྟར་རྣམ་གྲངས་ཀྱི་ཡོང་འབབ་བགོ་བཤའ་རྒྱག་རྒྱུ་ཡིན་པ་དང་། 50%གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཇེ་ཆེར་གཏོང་བར་སྤྱོད་རྒྱུ་དང་། 30%འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དང་། 20%གནད་འཁེལ་དབུལ་སྐྱོར་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན”ཞེས་ཟེར། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅུས་མ་འོངས་པའི་ལོ་ཤས་རིང་གྲོང་ཚོའི་གློག་ཁུངས་ནུས་པའི་ཕན་འབྲས་སྤྱད་དེ་གྲོང་ཚོར་ལེ་ལག་ཚང་བའི་སྒྲིག་ཆའི“མཉེན་ཆས་དང་མཁྲེགས་ཆས”རྒྱུན་མཐུད་སྲ་བརྟན་དུ་བཏང་ནས་གྲོང་མི་ཡོངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚང་མ་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་ཞེས་བཤད།

ས་ཞིང་ནང་དུ་ཞིང་བ་རྣམས་ཀྱིས་བྲེལ་འཚུབ་ཀྱིས་མུ་མཐུད་དུ་ལོ་ལེགས་བསྡུ་བཞིན་ཡོད་པ་དང་འོད་ནུས་གློག་གཏོང་ཤེལ་ལེབ་སྟེང་དུ་ད་དུང་ཉི་འོད་ཆེམ་ཆེམ་འཕྲོ་བཞིན་འདུག  པུའུ་དེ་ཡིས་མངགས་གཏོང་བྱས་པའི་སྨན་པ་རྣམས་མི་ཚོགས་ཀྱིས་བསྐོར་ཏེ་བློ་རྩེ་གཅིག་སྒྲིམ་ངང་དེ་གར་ཡོད་པའི་གྲོང་མིར་འོས་འགན་སྐོར་སྐྱོད་སྨན་བཅོས་དང་སྨན་རྫས་སྤྲོད་བཞིན་ཡོད། ལས་དོན་ཚོགས་ཆུང་དང་བཅས་པས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅུས་འགྲོ་རོགས་འོག་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་པར་བསྐྱོད་པས་ཚང་མའི་ངོ་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་ནས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།