ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་ཉི་ཤུ་བའི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན།   ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་ཉི་ཤུ་བའི་ཏང་ཙུའུ་གྲོས་ཚོགས་ཐེངས་ཞེ་གསུམ་པ་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ནང་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ།   ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི།  ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་།   ཆེད་དོན་ཨུ་ཡོན་ལྷན་ཁང་ཁ་ཤས་ཀྱི་ཀྲུའུ་རིན་གྱིས་གྲོས་ཚོགས་སྟེང་གཏམ་བཤད་པ་དང་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་བྱས།

གྲོས་ཚོགས་སྟེང་བསྟན་དོན།   ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་བསྡུས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན།   ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་ཐག་གཅོད་ལ་དམིགས་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱང་རིང་བའི་འཐབ་ཇུས་མིག་རྒྱ་དང་སྟོབས་དང་ལྡན་པའི་ལོ་རྒྱུས་ཀྱི་ཁག་ཁུར་མངོན་པར་བྱས་ཡོད་པ་དང་།  དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྙེག་གསར་པ་མཚོན་པར་བྱས་ཡོད་པས།   འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ་དང་ཉེན་ཁ་སོ་སོ་ལས་རྣམ་པར་རྒྱལ་བ།   ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་པའི་ཐད་དངོས་ཡོད་དོན་སྙིང་དང་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།

གྲོས་ཚོགས་སྟེང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བའི་ནང་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་མཉམ་དུ་འཆར་འགོད་དང་མཉམ་དུ་བཀོད་སྒྲིག   མཉམ་དུ་དོན་འཁྱོལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་སློང་དགོས།  སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་དགོས་པ་དང་།  ཁྱོན་ཡོངས་ནས་གྲོས་ཚོགས་དགོངས་དོན་གྱི་ངོ་བོ་དང་སྤྱིའི་དམིགས་འབེན།  ལག་ལེན་བླང་བྱ་བཅས་ལ་རྒྱུས་ལོན་ཡང་དག་བྱས་ནས་བསམ་བློ་དང་འགུལ་སྐྱོད་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས།  དུས་རབས་གསར་པའི་སྲིད་གྲོས་བྱ་བའི་ཕྱོགས་གནས་གསར་པ་དང་ལས་འགན་གསར་པར་དམིགས་ནས་ལམ་ལུགས་གོ་རིམ་འཐུས་ཚང་དུ་གཏོང་བ་དང་འགན་སྒྲུབ་ནུས་པ་མཐོར་འདེགས་བཏང་སྟེ་སྲིད་གྲོས་ཀྱི་ལས་ཁུངས་མཐུན་སྦྱོར་དང་རྒྱལ་ཁབ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བྱེད་ནུས་གཙོ་བོ་འདོན་སྤེལ་བྱེད་དགོས།  སྲིད་གྲོས་འགན་སྒྲུབ་དང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱེད་པའི་རྐང་འཛུགས་ས་དང་ཟུང་འབྲེལ་བྱེད་ས།   ཤུགས་འདོན་ས་བཅས་ཡང་དག་པར་བཙལ་ཏེ་སང་ལོའི་གྲོས་གཞི་གཙོ་བོར་འཆར་འགོད་དང་མཐུན་སྦྱོར་བཟང་བོ་བྱེད་དགོས་པ་དང་།   མིག་སྔར་གྱི་བྱ་བ་སོ་སོ་སྔར་ལས་བཟང་བོར་བསྒྲུབ་དགོས།   ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་བཟང་བོ་དྲིལ་སྒྲོག་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།