ཡ་རྫི་རྫོང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དང་ཕན་འབྲས་ཇེ་ཆེར་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཡ་རྫི་སཱ་ལར་རིགས་རང་སྐྱོང་རྫོང་གིས་གཞི་རིམ་གྱི་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་ཏང་ཨུ་བཅས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལྟར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པའི”བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེབྱ་ཐབས་ཤུགས་ཆེར་གཏོང་བ་དང་གནད་སྨིན་ཤུགས་འདོན་གྱིས་བྱ་ཐབས་དངོས་བཏོན་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་དོན་གྱི་སྤུས་ཚད་ཇེ་མཐོཕན་འབྲས་ཇེ་ཆེར་གཏོང་གི་ཡོད། 2019ལོར་རྫོང་རིམ་པའི་ཚོགས་འདུའི་བསྡོམ་འབོར་དང་ཡིག་ཆ་བཀྲམ་ཐེངས་དུས་མཚུངས་ལས་30%དང་10%ཡན་ཉུང་དུ་ཕྱིན་ཡོད།

《“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་”ཞེས་པའི་ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་ཚོགས་འདུ་འཚོགས། ཚོགས་འདུས་ཡིག་ཆ་བཟོ་བ་དང་འགྲེམས་སྤེལ་བྱེད་པའི་ཐད་གཏན་འབེབས་གསལ་པོ་བྱས་ཡོད། གཟའ་འཁོར་རེའི་གཟའ་པ་སངས་ཉིན་ནི་“ཚོགས་འདུ་མེད་པའི་ཉིན་མོ་”ཡིན་ཞིང་རྩ་དོན་ཐོག་རྫོང་ཡོངས་ཀྱི་གྲོས་ཚོགས་བཀོད་སྒྲིག་མི་བྱེད་པ་དང་། ལས་ཀའི་ནང་དོན་འདྲ་བའམ་ཡང་ན་ཧ་ལམ་འདྲ་བ། ཚོགས་ཞུགས་མི་སྣ་གཅིག་མཚུངས་ཀྱི་ཚོགས་འདུ་ཟླ་སྒྲིལ་བཏང་ནས་སྐོང་ཚོགས་བྱེད་པ། ཞང་གྲོང་དང་སྡེ་ཁག་གིས་སྐོང་ཚོགས་བྱས་པའི་ཚོགས་འདུ་དེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མིང་ཐོག་ནས་སྐོང་ཚོགས་བྱེད་མི་ཆོག རྫོང་ཨུ་ཀྱི་སྡེ་ཁག་དང་སྲིད་གཞུང་སྡེ་ཁག་གིས་སྐོང་ཚོགས་བྱས་པའི་ཚོགས་འདུ་དེ“གཞུང་གཉིས”ཀྱི་མཐུན་སྦྱོར་མོས་མཐུན་ཐོབ་རྗེས་གཞི་ནས་སྐོང་ཚོགས་བྱེད་ཆོག རྩ་དོན་ཐོག་ཚོགས་འདུར་འགོ་ཁྲིད་གཙོ་བོ་གཅིག་གིས་གཏམ་བཤད་དང་འགོ་ཁྲིད་གཅིག་གིས་གཙོ་སྐྱོང་བྱེད་དགོས་པ་དང་། དུས་ཚོད་སྐར་མ་60ལས་བརྒལ་མི་རུང་ལ། ཡིག་ཐོག་སྙན་ཞུའི་ཡིག་ཆ་ཤོག་ངོས་4ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགྲེམས་སྤེལ་བྱས་པའི་སྲིད་ཇུས་རང་བཞིན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རྩ་དོན་ཐོག་ཤོག་ངོས་10ལས་བརྒལ་མི་ཆོག་པ་དང་། གོང་རིམ་གྱི་ཡིག་ཆར་གཏན་འབེབས་གསལ་པོ་ཡོད་པ་ཕུད་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་དང་ལག་བསྟར་ཞིབ་སྲོལ་བཟོ་མི་ཆོག ང་གྲོང་དང་སྡེ་ཁགགི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་དོན་རང་སོ་སོའི་ཡིག་ཆ་བཀྲམ་པ་ལས་“གཞུང་གཉིས”ཀྱི་མིང་ཐོག་ནས་ཡིག་ཆ་འགྲེམས་མི་ཆོག ལས་ཀའི་བཀོད་སྒྲིག་རིགས་ཀྱི་ཡིག་ཆར་དུས་གཅིག་ཏུ་ལས་འགན་ཁག་གཏན་འཁེལ་གསལ་པོ་བྱེད་པའི་འགན་འཁྲིའི་ལས་ཁུངས་གསལ་འགོད་བྱེད་པ་ལས་འགན་བགོས་ཀྱི་ཡིག་ཆ་ལོགས་སུ་པར་འགྲེམས་བྱེད་མི་ཆོག  ལམ་ལུགས་ལ་བརྟེན་ནས་ལག་ལེན་ལ་སྐུལ་མ་གཏོང་བ་དང་ཚད་འབེབས་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་མ་གཏོང་ཐུབ་པ་བྱེད་དགོས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་《སྲིད་ཇུས་དོན་འཁྱོལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་བྱེད་པ་དང་ལས་ཆོད་ཆེ་རུ་གཏོང་བའི་སྐོར་གྱི་བྱེད་ཐབས་དོན་ཚན་བཅུ་》དང་། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་《“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་”ཡི་ལས་ཀའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》སོགས་ཀྱི་ནང་དོན་དེ་བསམ་བློ་དྲིལ་བསྒྲགས་ཀྱི་ལས་ཀའི་ནང་དོན་གལ་ཆེན་དུ་བརྩིས་ནས་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན། ལག་ཐོགས་ཁ་པར། དྲ་བ་སོགས་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་གསར་འགྱུར་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཧུར་ཐག་ངང་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཤེས་རྟོགས་ཀྱི་རྒྱ་ཆེ་རུ་བཏང་ཡོད། དུས་མཚུངས་སུ་རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་མིག་དཔེ་བྱེད་པ་དང་། “ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྒོ་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གཞི་རིམ་ལ་འགོག་རྐྱེན་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ལ་ཞིབ་བཤེར་དང་གྲལ་བཤེར་ཆེན་པོ་བྱེད་པ་དང་། བསམ་བློའི་འདུ་ཤེས་དང་ལས་ཀའི་སྤྱོད་ཚུལ། འགོ་ཁྲིད་བྱེད་སྟངས་བཅས་ཀྱི་ཐོག་ནས་འབྱུང་རྩ་འཚོལ་བ་དང་དག་ཐེར་ལ་དམ་འཛིན་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་དོ་ཁུར་དང་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གནད་དོན་ལ་ཡ་ལན་སློག་པ་བཅས་བྱས་ཏེ། རྫོང་ཡོངས་སུ་སྤྱོད་ཚུལ་འགྱུར་ལྡོག་དང་དངོས་སྒྲུབ་ལ་སྣང་ཆེན་བྱེད་པའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཚ་རླབས་ཤིག་འཕྱུར་རྒྱུར་སྣེ་ཁྲིད་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།