མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ ( རྒྱ་སྐྱེད ) ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་11པའི་ཚེས་4ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས (རྒྱ་སྐྱེད) ཚོགས་འདུ་ཐེངས་31པ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཞིང་ཆེན་ཨུ་ལྷན་རྒྱུན་ཨུའི་  ( རྒྱ ་སྐྱེད ) ་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ལས་དོན་གྱི་ལག་བསྟར་དོན་འཁྱོལ་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀའོ་ཧྭ་དང་། ཏང་ཙུའུ་ཡི་ཁོངས་མི་ཉི་མ་སྒྲོལ་མ། ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏེ་ཟུར་ཞུགས་གནང་།

ཀྲང་ཀོང་རུང་གིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཐེངས་དང་པོར་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཆེད་དོན་ཞིག་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་པ་མ་ཟད་ཆོད་དོན་ཡང་བཞག དེས་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བར་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་དང་མཐུན་པའི་ནང་དོན་གཙོ་གནད་དུ་འཛིན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་དགེ་མཚན་མངོན་གསལ་ཅན་བཅུ་གསུམ་གཙོ་གནད་དུ་འཛིན་པ། “གོམ་སྟབས་གསུམ་”གྱི་སྤྱིའི་དམིགས་འབེན་གཙོ་གནད་དུ་འཛིན་པ། ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་བྱེད་ཐབས་གལ་ཆེན་གཙོ་གནད་དུ་འཛིན་དགོས། ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་དམངས་ཆེན་ལས་དོན་གྱི་འགོ་རྩོམ་ས་དང་གཞི་ཚུགས་ས་འཁྲུལ་མེད་དུ་བཙལ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དམངས་ཆེན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

ཀྲང་ཀོང་རུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལམ་ལུགས་ཀྱི་གལ་ཆེའི་རང་བཞིན་དང་ནུས་པ་དེ་མཐོ་ཚད་གསར་པ་ཞིག་ཏུ་བཏེགས་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་བཏང་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་ལམ་བུའི་ཐོག་ལས་དོན་ཁག་ལ་སྐུལ་འདེད་གཏོང་མཁས་པོ་བྱེད་དགོས། འབྲེལ་ཡོད་ལམ་ལུགས་སློབ་སྦྱོང་དང་། ད་ཡོད་ལམ་ལུགས་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་གིས་གཏོང་བ་བཅས་བྱེད་དགོས། ཁྲིམས་འཛུགས་དང་ལྟ་སྐུལ། གོ་གནས་བསྐོ་འཐེན། འཐུས་མིའི་ལས་དོན་བཅས་ཀྱི་ཁྲོད་འགན་ནུས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་རིག་དང་མཐུན་ཞིང་དངོས་གཉེར་ནན་ཏན་གྱིས་ཕྱོགས་ཡོངས་ནས་ལས་འགན་ཁག་ལེགས་པར་སྒྲུབ་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར་ཕྱི་ལོའི“གཙོ་གནད་གཅིག་དང་འཆར་གཞི་གཉིས”ཇུས་འགོད་ཡག་པོ་བྱས་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་དམངས་ཆེན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་ཞིག་བསྐྲུན་ཆེད་བྱས་རྗེས་སྔར་བས་ཆེ་བ་འཇོག་དགོས་ཞེས་ནན་གྱིས་གསུངས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།