ཞིང་ཆེན་སྲིད་གྲོས་ཀྱིས་ཏང་རྩ་འཛུགས་(རྒྱ་བསྐྱེད)ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས1ཉིན་ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་ཏང་རྩ་འཛུགས་ཀྱི་ཚོགས་འདུ་ཐེངས43པ་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཀྲང་ཧྲོའུ་ཁྲེང་གིས་ཚོགས་འདུ་ལ་འགོ་འཛིན་གནང་། ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁག་གཅིག་གིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་སློབ་སྦྱོང་མྱོང་ཚོར་སྐོར་ནས་བསམ་བློ་བརྗེ་རེས་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་སྐབས་དང“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་བཏོན་པའི《གཏན་འབེབས》ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་མིག་རྒྱང་དང་ལོ་རྒྱུས་ཀྱི་འགན་འཁྲི་ཆེན་པོ་གང་ལེགས་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་མཚོན་ཡོད། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཇགས་ཡོང་བ་བཅས་ཀྱི་ཐད་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།