ཀྲུང་གོ་གློག་འཕྲིན་གྱིས5Gཟི་ལིང་དུ་དངོས་སུ་ཚོང་སྤྱོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཀུང་སིའི5Gཚོང་སྤྱོད་འགོ་ཚུགས་མཛད་སྒོ་ཟི་ལིང་དུ་འཚོགས་ཤིང་། 5Gཚོང་སྤྱོད་སྡེབས་སྒྲིལ་ཟླ11པའི་ཚེས1ཉིན་ནས་བཟུང་དངོས་སུ་སྤྱོད་འགོ་བཙུགས་པ་རེད། ཀྲུང་གོ་གློག་འཕྲིན་གྱིས5Gགཞི་ཁྱོན་ཆེ་བའི་ཚོང་སྤྱོད་འགོ་བཙུགས་ནས5Gཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཡར་ཐོན་བཅས་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱེད་པར་སྐུལ་འདེད་བཏང་ཡོད།

ད་ཐེངས་ཀྱི5Gཚོང་སྤྱོད་དེ་ཟི་ལིང་གྲོང་ཁྱེར་གྱི་ལས་གཉེར་ཐིང16གིས་དུས་གཅིག་ཏུ་སྤེལ་འགོ་ཚུགས་པ་དང་། དེས་དུས་བཅད་བྱས་པའི་ཚོང་འགྲུལ་པས5Gཚོད་ལྟ་བྱེད་པར་སྟབས་བདེ་བསྐྲུན་ཡོད་ལ། ཧྭ་ཝའེ་དང་། ཨོ་ཕོའོ། ཞོའོ་མུས། ཀྲུང་ཞིན། སན་ཞིན་སོགས་ཀྱི་ཁ་པར་བཟོ་གྲྭས་མཉམ་གཅིག་ཏུ5Gསྡེབས་སྒྲིལ་ཁ་པར་འགྲེམས་སྤེལ་བྱས། ཀྲུང་གོ་གློག་འཕྲིན་གྱི5Gསྡེབ་སྒྲིལ་ལ་ཁྱོན་བསྡོམས་པས་རིགས་བདུན་ཡོད་པ་དང་། དམའ་བ་སྒོར129ནས་འགོ་བཙུགས་ཏེ་མཐོ་བ་སྒོར599བར་ཡོད་པ་དང་། དེའི་ནང་རྒྱལ་ཡོངས་ཀྱི་བཞུར་ཚད30GBནས300GBབར་དང་རྒྱལ་ཡོངས་ཁ་པར་གཏོང་གླ་སྐར་མ500ནས2000བར་ཡོད། སྡེབས་སྒྲིལ་ཕྱིའི་བཞུར་ཚད་ལ་སྐར་མ་རེར་སྒོར3/GBདང་། སྐད་ཆ་སྐར་མ་རེར་སྒོར0.15 འཕྲིན་ཐུང་སྐར་མ་རེར་སྒོར0.1 སྐད་ཆ་བླུགས་སྣོད་ཁུག་མ་རེའི་སྐར་མ100ལ་སྒོར10(ཐེངས་མང་པོར་མངགས་ཉོ་བྱས་ཆོག)བྱས་ཡོད་པ་དང་བྱང་བུ་ཕལ་པ2ཉོས་ཆོག་པ་དང་བྱང་བུ་རེར་སྒོར10ཡིན། 

ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་གོ་གློག་འཕྲིན་གྱིས་ཟི་ལིང་གྲོང་ཁྱེར་དུ5Gསྦྲེལ་གཞིའི་ས་ཚུགས251ལས་བརྒལ་བ་བཙུགས་ཡོད་པ་དང་།  དེ་ཟི་ལིང་ས་ཁུལ་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཐོ་རིམ་སློབ་གླིང་། སྨན་ཁང་། མེ་འཁོར་འབབ་ཚུགས། ཚོང་ར་སོགས་ས་ཁོངས་ཁྱོན་ཡོངས་ལ་ཁྱབ་ཡོད། 5Gཡི་དྲ་ཆེན་དང་དུས་ཚོད་ཐུང་ངུའི་དྲ་རྒྱ་ལ5Gཚོང་མགྲོན་གྱིས་དགའ་བསུ་ཐོབ་པ་རེད། དེ་དང་མཉམ་དུ་ལོ་མཇུག་གི་སྔོན་དུ་སྦྲེལ་གཞིའི་ས་ཚུགས596འཛུགས་པའི་འཆར་གཞི་ཡོད་པ་དང་། སྐབས་དེར5Gདྲ་རྒྱའི་ཁྱབ་རྒྱ་སྔར་བས་ཆེ་རུ་འགྲོ་ངེས་རེད།

ཤེས་རྟོགས་བྱུང་བ་ལྟར་ན། 5Gཚོང་སྤྱོད་བྱས་རྗེས་ཀྲུང་གོ་གློག་འཕྲིན་ཀུང་སིས་སྤུས་ཚད་མཐོ་བ་དང་། ཡིད་རྟོན་རུང་བ་བཅས་ཀྱི་ཐེན་དབྱིའི་གསལ་ཚད་མཐོ་བའི་བརྙན་རིས་དང་། ཐེན་དབྱི་ཡོན་རོལ་རྩེད། ཐེན་དབྱི་ཡོནVR ཐེན་དབྱི་ཡོན་གློག་ཀླད། ཐེན་དབྱི་ཡོན་ཡིག་སྡེར། ཡོན་གཞུང་སྒྲུབ། རིག་ལྡན་ཁྱིམ་ཚང(ཁང་པ་ཡོངས་ལWiFiདང་རིག་ནུས་ཁྱིམ་ཚང)རིག་ནུས་འགྲིམ་འགྲུལ། སྤོ་སྒུལ་སྨན་བཅོས་སོགས་ཐོན་རྫས་བེད་སྤྱོད་བྱས་ཆོག་པ་མཁོ་འདོན་བྱས་པ་མ་ཟད། དུས་མཚུངས་སུ་ཀྲུང་གོའི་གློག་འཕྲིན་གྱིས་རྒྱ་ཆེའི་ཚོང་མགྲོན་ལ་སྤུས་ལེགས་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་པ་རེད།
    ཤེས་རྟོགས་བྱུང་བ་ལྟར་ན། 5Gཚོང་སྤྱོད་དེ་བྱ་དངོས་མང་པོར་ཕན་ཚུན་ལ་སྦྲེལ་མཐུད་བྱས་ཡོད་པ་མ་ཟད། མི་དང་འཕྲུལ་ཆས་བར་ཕན་ཚུན་འབྲེལ་འདྲིས་ཟབ་མོ་བྱེད་པ། རིག་ནུས་ཀྱིས་འཕོ་འགྱུར་ལ་སྣེ་ཁྲིད་བཅས་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཞིག་དང་། ད་དུང་བཟོ་ལས་གསར་བརྗེར་སྐུལ་འདེད་གཏོང་བའི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད་ལ། ལག་རྩལ་བྱ་ཐབས་གསར་པས་ནང་དོན་ཐོན་སྐྱེད་བྱེད་སྟངས་སོགས་ལས་རིགས་ཀྱི་སྐྱེ་ཁམས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བཏང་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།