ཧེ་ཡན་རྫོང་གིས་དབུལ་ཐར་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅུ་དགུ་ལོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གི་དབུལ་ཞྭ་ཕུལ་བར་གྲུབ་འབྲས་ལེན་པའི་ཐོག་མའི་ལོ་ཡིན་ལ།  ཧེ་ཡན་རྫོང་གིས་ཡུལ་གཞན་གནས་སྤོ་དང་། བདེ་ཐང་དབུལ་སྐྱོར། ཏང་འཛུགས་སྣེ་ཁྲིད།   སྐྱེ་ཁམས་སྲུང་སྐྱོབ།  དབུལ་ཐར་སྙིང་སྟོབས།   རྣམ་གྲངས་འཛུགས་སྐྲུན་བཅས་ལ་གཞི་བཅོལ་ནས་དབུལ་ཐར་སྲ་བརྟན་གྱི་འཚོལ་ཞིབ་ལག་ལེན་བྱ་བར་གྲུབ་འབྲས་ཐོབ།

ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་འབུམ་དགུ་ཁྲི་བཞི་ལྷག་བཏང་ནས།   རང་བདག་བཀོད་སྒྲིག་བྱེད་ཐབས་སྤྱད་ནས་ལོ་གསུམ་གྱི་གནས་སྤོར་བཀོད་སྒྲིག་ལས་འགན་ལོ་གཅིག་གིས་སྔོན་ལ་ལེགས་འགྲུབ་བྱུང་།   གནས་སྤོར་མང་ཚོགས་ཀྱི་རྗེས་ཕྱོགས་འཕེལ་རྒྱས་གནས་ཚུལ་ལ་གཞིགས་ཏེ། ཧེ་ཡན་རྫོང་གིས་ནུས་ཤུགས་ཡོད་དགུས་ཚོང་ཁང་དཔལ་འབྱོར། ངལ་རྩོལ་དཔལ་འབྱོར།  གྲོང་གསེབ་ཡུལ་སྐོར་སོགས་ཐོན་ལས་རྣམ་གྲངས་མུ་མཐུད་དུ་སྤེལ་ནས།  གནས་སྤོར་མང་ཚོགས་ཀྱི་ཡོངས་འབབ་ལ་སྒུལ་ཤུགས་ཐེབས་ནས་ཕྱུག་འགྱུར་བྱེད་ཐུབ་པར་གྱུར།

སྨན་བཅོས་རོགས་སྐྱོར་རྣམ་པ་གསར་དུ་བཏོད་དེ།  ནད་རྐྱེན་དང་དབང་བོ་སྐྱོན་ཅན་པས་དབང་གིས་དབུལ་བོར་གྱུར་བའི་མང་ཚོགས་ལ་ཆེད་དུ་དམིགས་ནས།  སྒོར་འབུམ་བཞི་དང་ཁྲི་བརྒྱད་ཀྱི་ཡིག་ཚགས་བྱང་བུའི་མི་འབོར་གྱི་ནད་གཞིར་རོགས་སྐྱོར་བྱེད་པའི་ཚོང་ལས་ཉེན་སྲུང་གི་ནོར་སྲིད་ཆེད་སྤྱོད་མ་དངུལ་བཏང་ནས།  རྫོང་ཡོངས་ཀྱི་ཡིག་ཚགས་བྱང་བུའི་ཁྱིམ་ཚང་ལ་དབུལ་ཐར་འགན་སྲུང་ཉོས་པ་དང་།  སྨན་བཅོས་དབུལ་སྐྱོར་གྱི་རོགས་བཅོས་རོགས་སྐྱོབ་མ་ལག་བཙུགས།  དེ་ལས་གཞན།  སྤྱི་ཚོགས་མ་དངུལ་བསྡུས་ནས་སྒོར་ས་ཡ་གཅིག་གི་ན་གཞོན་བདེ་ཐང་དབུལ་སྐྱོར་མ་དངུལ་བཙུགས་ནས།  ནད་གཞི་ཆེན་པོ་བྱུང་བའི་བྱིས་པར་དམིགས་བསལ་རོགས་སྐྱོར་བྱེད་པ་དངོས་སུ་ལག་བསྟར་བྱས།

ཏང་འཛུགས་སྣེ་ཁྲིད་ཀྱིས་དབུལ་ཐར་འགག་སྒྲོལ་བྱེད་པ་རྒྱུན་འཁྱོངས་བྱས།

སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དབུལ་ཐར་འགག་སྒྲོལ་གྱི་སྲོག་རྩར་བཞག་ནས་དབུལ་ཐར་དང་སྲུང་སྐྱོབ་གཉིས་རྒྱལ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།

ཚད་གཞི་མཐོན་པོ་ཅན་གྱི་དབུལ་ཐར་རྣམ་གྲངས་བཙུགས་ནས། རྫོང་ཡོངས་ནས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་གཅིག་གཅིག་གྱུར་འཆར་འགོད་དང་ལེགས་སྒྲིག་བྱས་ཏེ།  དབུལ་ཕོངས་སྡེ་བ་དང་དབུལ་ཁྱིམ་དབུལ་ཐར་སྲ་བརྟན་གཏོང་རྒྱུ་གཙོ་གནད་དུ་བཞག་ནས་རྒྱབ་སྐྱོར་བྱས།  འོད་ཤུགས་ཐོན་ལས་དབུལ་སྐྱོར་གྱི་དྲ་སྦྲེལ་གློག་འདོན་མངོན་འགྱུར་བྱུང་བ་དང་། དབུལ་ཕོངས་སྡེ་བ་བཅུ་གཉིས་ཀྱི་ཡོངས་འབབ་འཕར་ནས་ཕྱུག་འགྱུར་བྱེད་ཐུབ་པར་རོགས་འདེགས་གང་ལེགས་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།