མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྐབས་ལྔ་བའི་ཕུལ་དུ་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་མཚན་སྙན་ཐོབ་པའི་དམངས་གཉེར་ཁེ་ལས་པར་ཐུག་འཕྲད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གཉིས་ཀྱིས་རྒྱལ་ཡོངས་སྐབས་ལྔ་བའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཕུལ་དུ་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པའི་མཚན་སྙན་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་པ་ལིས་དབྱིན་ཧོས་དང་ཆའོ་ཅི་ཧྭ་གཉིས་ལ་ཐུག་འཕྲད་བྱས།

སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་དཔེ་མཚོན་འཛུགས་པ་དང་། རྒྱ་ཆེའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་གྲལ་རིམ་གསར་བའི་མི་སྣའི་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་ཁྲིམས་སྲུང་བ། སྤྱི་ཚོགས་འགན་འཁྲི་ཕྲག་ཏུ་ལེན་ཆེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་སྡེ་ཁག་ལྔ་ཡིས་རྒྱལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་རིམ་པ་གསར་བའི་མི་སྣ་བརྒྱ་ལ་ཕུལ་དུ་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པའི་མཚན་སྙན་གནང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་པ་ལིས་དབྱིན་ཧོས་དང་ཆའོ་ཅི་ཧྭ་གཉིས་ལ་ཕུལ་དུ་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པའི་མཚན་སྙན་ཐོབ།

ཐུག་འཕྲད་བྱེད་སྐབས། མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚན་སྙན་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། རྒྱ་ཆེའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ་སོགས་ཕྱོགས་ནས་ནུས་པ་གལ་ཆེན་བཏོན་པ་དང་། བྱས་རྗེས་གལ་ཆེན་བཞག ཁྱེད་ཚོས་མཚན་སྙན་གཅེས་སྤྲས་བྱེད་པ་དང་། རྒྱལ་གཅེས་ལས་བརྩོན་དང་ཁྲིམས་སྲུང་ཡིད་རྟོན། བྱས་རྗེས་འཇོག་པ་གཙོར་བྱས་པའི་ཕུལ་དུ་བྱུང་བའི་འཛུགས་སྐྲུན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཁོང་ཡུང་གིས་བསྟན་དོན། གཟེངས་བསྟོད་ཐོབ་པའི་དམངས་གཉེར་ཁེ་ལས་པ་གཉིས་ནི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་ཚབ་མི་སྣ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་ཡིས་ཁོ་ཚོ་མིག་དཔེ་རུ་བྱེད་པ་དང་། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། ཁེ་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པ། ཁྲིམས་སྲུང་ཚོང་གཉེར་བྱེད་པ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ནས། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།