ལིག་ཐའོ་ཡིས་མཚོ་ཤར་དང་ཟི་ལིང་གྲོང་ཁྱེར་གྱི་ཚོང་དོན་དང་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དང་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་། མཁར་བྱང་ཁུལ། མཁར་ནུབ་ཁུལ་བཅས་སུ་སོང་ནས། སྨན་རྫས་ལྟ་སྐུལ་དོ་དམ་དང་ཚོང་རའི་མཁོ་འདོན། ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་སོགས་གནས་ཚུལ་ཐད་ནས་རྟོག་ཞིབ་བྱས་པ་མ་ཟད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། མི་དམངས་མང་ཚོགས་ཀྱི་སྤུས་ལེགས་འཚོ་བའི་ཐད་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིག་ཐའོ་སྔ་གཞུག་ཏུ་མཚོ་སྔོན་ཧུའུ་ཀྲུའུ་ནས་ཆང་མ་རྐང་ཚད་ཡོད་ཀུང་ཟི་དང་ཧུའུ་ཀྲུང་རྫོང་ཞིང་སྡེ་གློག་ཚོང་དཔེ་སྟོན་རྟེན་གཞི། ཧུའུ་ཀྲུའུ་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས། མཚོ་སྔོན་ཞིན་ཞིན་ཡོན་ཟས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་དབྱི་ཞིན་སྨན་ལས་ཚད་ཡོད་འགན་ལེན་ཀུང་ཟི། མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས། ཞིན་ལིས་ཀྲིག་སྨན་རྫས་འཚོང་ས་སོགས་སུ་སོང་ནས། ཞིང་ཕྱུགས་ཐོན་རྫས་དང་སྨན་རྫས་ཐོན་སྐྱེད། ལས་སྣོན། སྐྱེལ་འདྲེན། ཉར་གསོག ཕྱིར་འཚོང་དང་དོ་དམ་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས། ཞིང་ཕྱུགས་ཐོན་རྫས་དེ་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཆེན་པོ་ཡོད་པ་དང་། སྨན་རྫས་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འབྲེལ་བ་ཡོད་པས། སྤུས་ཚད་ཀྱི་འགན་སྲུང་དང་བདེ་འཇགས་ཀྱི་ཚད་མཐའ་དམ་སྲུང་བྱེད་པ་དང་། ཚོང་རའི་ཕན་ཡོད་མཁོ་འདོན་ལ་འགན་སྲུང་བྱེད་པ། སྤུས་ཚད་དང་འཁོར་རྒྱུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། མང་ཚོགས་ལ་བདེ་འཇགས་སེམས་བདེའི་ཐོན་རྫས་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།