མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་སྲོལ་བསྒྱུར་རྙིང་འདོར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་བསམ་འཆར་ལ་ཉན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་ཚོགས་འདུར་ཞུགས།

ཚང་མས་མཐའ་གཅིག་ཏུ། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་བཏང་ལ། དབུལ་ཕོངས་མི་གྲངས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་པའི་སྟེང་ཤུགས་བཏོན་པ་དང་། དབུལ་ཕོངས་མི་གྲངས་གཏན་འཇགས་ངང་དབུལ་ཐར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་སྟེང་ཤུགས་བཏོན་པ་མ་ཟད། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་མི་གྲངས་དབུལ་ཐར་བྱེད་པའི་སྟེང་བྱེད་ཐབས་བཟང་བོ་སྤྱད་པས། དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་པ་དང་། སྲོལ་སྒྱུར་རྙིང་འདོར་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པའི་ཚུལ་བསྟན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་མཉམ་དུ་འབད་འཐབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། སྲོལ་སྒྱུར་རྙིང་འདོར་བྱེད་པའི་བྱ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འབྲེལ་འདྲིས་རྒྱ་ཆེར་བྱེད་པ། རིག་སྟོབས་གཅིག་བསྡུས་བྱེད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་དམངས་གཙོ་ལྟ་སྐུལ་ཁྲོད་ཞུགས་པ། ལས་གཞི་བཟང་བོ་འཛུགས་སྐྲུན་བྱེད་པ་དང་རིག་ནུས་ཀྱིས་རྒྱབ་སྐྱོར་བྱེད་པ། དམངས་ཚིས་ལེགས་བསྒྱུར་བྱེད་པ་སོགས་དབུལ་སྐྱོར་ཕྱོགས་ཀྱི་སྤྱི་ཚོགས་ཞབས་ཞུ་བཟང་བོ་སྤེལ་བ། སྲོལ་བསྒྱུར་རྙིང་འདོར་གྱི་བྱ་བ་སྤེལ་བའི་སྟེང་ཤུགས་འདོན་པ་དང་གྲུབ་འབྲས་བླངས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་སྐུལ་འདེད་གཏོང་བ་དང་དུས་བཀག་ལྟར་དབུལ་ཐར་ལས་འགན་ཡོངས་འགྲུབ་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།