རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས། ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། རྟོག་ཞིབ་ཚན་ཆུང་རྒྱུད་གཅིག་ལམ་གཅིག་འཐབ་ཇུས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱ་བའི་ཐད་ནས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ཆེད་མཁས་པ་དང་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས།

བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ཚོང་དོན་ཐིན་སོགས་སྡེ་ཁག་གི་འགན་ཁུར་མི་སྣས་སོ་སོར་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས། རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་གྱིས་རྒྱུད་གཅིག་ལམ་གཅིག་འཐབ་ཇུས་འདྲེས་པར་བྱེད་པ་དང་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་ཕྱོགས་ནས་བསྒྲུབ་པའི་བྱ་བ་དང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་། ཚན་རིག་ཞིབ་འཇུག་དང་གསར་གཏོད། ལྗང་མདོག་དཔལ་འབྱོར། ཁྱད་ལྡན་ཐོན་ཁུངས་གསར་སྤེལ་བྱེད་པ་སོགས་ནང་དོན་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་བརྗེ་རེས་བྱས་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དོགས་གནད་སེལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།