ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དག་ཐེར་བྱ་བ་ནན་གྱིས་དོན་འཁྱོལ་དུ་བཏང་ནས་མུ་མཐུད་དུ་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་སྐུལ་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་ནག་སེལ་ངན་འཇོམས་ལྟ་སྐུལ་མཛུབ་སྟོན་ཚོ་ཆུང18པའི་གནད་དོན་ཕྱིར་སློག་བྱས་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་སོ་སོས་གནད་དོན་གྱི་འདྲེན་ཕྱོགས་དང་དམིགས་འབེན་གྱི་འདྲེན་ཕྱོགས་རྒྱུན་སྐྱོང་བྱས་ཤིང་། ཕྱིར་སློག་བྱས་པའི་གནད་དོན་དག་ཐེར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་དཀྱིལ་སྙིང་བྱ་བར་བཟུང་ནས་ཆེད་དོན་ཞིབ་འཇུག་དང་དོན་འཁྱོལ་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་དགུས་སྐུལ་འདེད་བཏང་།

ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་འགོ་བརྩམས་པ་ནས་བཟུང་། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྒོས་སྐུལ་སྤེལ་བྱས་ཏེ། ཐིང་ཀྲང་གིས་ནག་སེལ་ངན་འཇོམས་ཀྱི་འབྲེལ་ཡོད་གྱོད་དོན་ལ་བརྡ་ཁྱབ་གཏོང་པའི་ལམ་ལུགས་བཙུགས་ཤིང་། དུས་བཅད་ལྟར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གི་འགོ་གཙོ་དང་ཐིང་ཀྲང་གིས་ནག་སེལ་ངན་འཇོམས་ཀྱི་འབྲེལ་ཡོད་གྱོད་དོན་ཞིབ་གཅོད་བྱས་པའི་གནས་ཚུལ་གྱི་བརྡ་ཁྱབ་གཏོང་དགོས། ད་ལོའི་ཟླ་དང་པོ་ནས་དགུ་བའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དག་གིས་ནག་འབྲེལ་ངན་འབྲེལ་གྱི་གྱོད་དོན་ཁྱོན་72ལ་ཞིབ་གཅོད་བྱས་པ་དང་། དེ་ནང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་འགོ་ཁྲིད་ཀྱིས་ནག་འབྲེལ་ངན་འབྲེལ་གྱི་གྱོད་དོན་20་ཐག་བཅད་ཅིང་ཞིང་ཆེན་ཡོངས་ཀྱི་ནག་སེལ་ངན་འཇོམས་འབྲེལ་ཡོད་གྱོན་དོན་ཡོངས་ཀྱི་27.78%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འགོ་ཁྲིད་གཙོ་བོས་དངོས་སུ་ཐག་གཅོད་པ་དང་བགོས་གཉེར་འགོ་ཁྲིད་ཀྱིས་སྔ་རག་ནས་འགན་ཁུར་ནས། རིམ་བཞིན་འགན་ཁུར་དང་ལེན་དང་རིམ་བཞིན་ཁག་ཁུར་མདུན་སྐྱོད་ཀྱི་གནས་བབས་ལེགས་པོ་ཆགས་སུ་བཅུག་ཡོད། དུས་མཚུངས་སུ་ཐུན་མོང་གི་བཀོལ་སྒྲིག་ལྟར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དག་གིས་ནན་ཏན་ངང་“རྣོ་གྲི་དང་པོའི་”གཅིག་བསྡུའི་ལས་འགུལ་སྤེལ་ལ། ལས་འགུལ་གྱི་སྐབས་སུ་ངན་འབྲེལ་གྱོད་དོན་8དང་འབྲེལ་ཡོད་མི་སྣ་56ལ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེའི་ཁྲོད་བཤེར་ཐེངས་གཅིག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་དོན་5་དང་འབྲེལ་ཡོད་མི་སྣ་39ལ་རྒྱུ་ནོར་གྱི་ཉེས་ཆད་སྒོར་ཁྲི་330.5གྱི་ཆད་པ་བཅད་ལ། བཤེར་ཐེངས་གཉིས་པས་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་དོན་3དང་འབྲེལ་ཡོད་མི་སྣ་17ལ་རྒྱུ་ནོར་གྱི་ཉེས་ཆད་སྒོར་ཁྲི་29.4ཡི་ཆད་པ་བཅད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།