ལྗང་མདོག་གོང་སྙོམ་གློག་ཤུགས་ཁྱིམ་ཚང་ཡོངས་ལ་ཁྱབ།

1.jpg

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་གླིང་ཁུལ་རེད།

6.jpg

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་གླིང་ཁུལ་རེད།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་གནས་པའི་འོད་ཤུགས་གླིང་ཁུལ་དུ་སྤྱི་ཆིང771ཡོད་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཀྲའོ་ཝ500ཟིན་པའི་འགག་གསུམ་ནུས་རྒྱུ་གསར་པ་ན་གོར་མོ500MWའོད་ཤུགས་སྣེ་ཁྲིད་མཁན་གྱི་ལས་གཞིའི་རྟེན་གཞིར་གྱུར་ཞིང་། ཤེལ་གཟུགས་རྐྱང་པའི་ཀུའེ་ཉི་ནུས་གློག་རྫས་ཀྱི་ལྷུ་ལག་རེ་རེ་བཞིན་གྲལ་བསྒྲིགས་ཡོད་པ་རེད།

2.jpg

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་གླིང་ཁུལ་རེད།

3.jpg

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་གླིང་ཁུལ་རེད།

  ལས་གཞི་དེའི་དྲ་ཞུགས་གློག་རིན་ཆ་སྙོམས་ཆན་ཝ་ཆུ་ཚོད་རེར་སྒོར0.316ཡིན་པ་དང་། ས་གནས་དེ་གའི་རྡོ་སོལ་དང་གློག་རིན (ཆན་ཝ་ཆུ་ཚོད་རེར་སྒོར0.3247ཡིན་པ)ལས་སྐར་མ1ཙམ་དམའ་བས་གློག་ཤུགས་ཁྱིམ་ཚང་རེ་ལ་མགྱོགས་མྱུར་སླེབས་རྒྱུར་སྐུལ་མ་བཏང་པ་རེད།

4.jpg

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་གླིང་ཁུལ་རེད།

5.jpg

འདི་ནི་ན་གོར་མོ་གྲོང་ཁྱེར་གྱི་འོད་ཤུགས་གླིང་ཁུལ་རེད།

 འབྲི་ཆུའི་འགག་གསུམ་གྱི་ནུས་རྒྱུ་གསར་པ་ན་གོར་མོ500MWཡི་སྣེ་ཁྲིད་མཁན་གྱི་ལས་གཞི་དེ་རྒྱལ་ཁབ་ཀྱི་ཉེར་སྤྱོད་སྣེ་ཁྲིད་མཁན་གྱི་ལས་གཞིའི་གྲས་ཤིག་ཡིན་ལ། ལས་གཞི་འཛུགས་སྐྲུན་ཁྲོད་སྲོལ་རྒྱུན་གྱི་མ་འཇོག་དང་། ལག་རྩལ། ས་ཆ་བཀོལ་སྤྱོད་སོགས་ཚོད་འཛིན་གྱི་རྒྱུ་རྐྱེན་ལས་སྒྲོལ་ཏེ། རྒྱལ་ནང་གི་གཞུང་བཅད་རིན་གོང་གི་དྲ་ཞུགས་དང་འཚམ་པའི་ལས་གཞི་འཛུགས་སྐྲུན་དང་ལག་རྩལ་ལག་བསྟར་ཇུས་གཞི་འཚོལ་ཞིབ་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།