མཚོ་སྔོན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་གྱི་སྲིད་ཇུས་ལེགས་སྒྲིག་དང་ལྷུག་ཏུ་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ངལ་ནུས་མེད་པ་ངོས་འཛིན་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། ཟླ11པའི་ཟླ་མཇུག་གོང་ལེགས་སྒྲིག་བྱས་རྗེས་ཀྱི་འབྲེལ་ཡོད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དག་ཕྱོགས་ཡོངས་ནས་རོགས་སྐྱོབ་བསྙེན་བཀུར་སྲིད་ཇུས་ཀྱི་མ་ལག་ནང་འཇུག་ཐུབ་རེ་ཡོད་པ་རེད།

“ཁུལ་གསུམ་དང་ཀྲོའུ་གསུམ”ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཏོགས་པ་དང་། ནད་གཞི་དང་དབང་པོ་སྐྱོན་ཅན་གྱི་རྐྱེན་པས་དབུལ་པོར་གྱུར་པའི་བསྡུར་ཚད་ཅུང་མཐོ་བ་དང་། མང་ཚོགས་ཀྱི་ཁུར་པོ་ལྕི་པོ་ཡོད། “བསྙེན་བཀུར་བྱེད་དགོས་རིགས་བསྙེན་བཀུར་གང་ཐུབ་བྱེད་པ་དང་། རོགས་སྐྱོབ་བྱེད་དགོས་རིགས་རོགས་སྐྱོབ་གང་ཐུབ་བྱེད་པ”མངོན་འགྱུར་ལ་སྔར་བས་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་ད་ཐེངས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ17དང་། གྲོང་ཚོ་དབུལ་པོ170 མི་འབོར་དབུལ་པོ་ཁྲི7.7 ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྒྲོལ་བྱས་རིགས་བཅས་ལ་དམིགས་ནས་གཙོ་གནད་ཐོག་དབང་པོ་སྐྱོན་ཅན་དང་ངལ་ནུས་མེད་པ་སོགས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ཏེ་རོགས་སྐྱོབ་བྱེད་ཐབས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

ཟླ11པའི་ཟླ་མཇུག་གོང་། ཞིང་ཆེན་དེས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ངལ་ནུས་མེད་པའི་ཚོགས་སྤྱི་ངོས་འཛིན་བྱེད་པའི་ཁྱབ་ཁོངས་དེ་རིམ་པ་དང་པོ་དང་གཉིས་པའི་རིག་སྟོབས་དང་ཤེས་པ་སྐྱོན་ཅན་གྱི་རིམ་པ་ནས་རིམ་པ་གསུམ་པའི་རིག་སྟོབས་དང་ཤེས་པ་སྐྱོན་ཅན་གྱི་རིམ་པ་བར་རྒྱ་ཆེ་རུ་གཏོང་རྒྱུ་དང་། རིམ་པ་དང་པོའི་རྐང་ལག་སྐྱོན་ཅན་དེ་རིམ་པ་གཉིས་པའི་རྐང་ལག་སྐྱོན་ཅན་བར་རྒྱ་ཆེ་རུ་གཏོང་ཐུབ་རེ་ཡོད་པ་རེད། གོང་གསལ་ཚོགས་སྤྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ངོས་འཛིན་ཆ་རྐྱེན་གཞན་དང་མཐུན་པའི་རྨང་གཞིའི་ཐོག་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་སྲིད་ཇུས་ལོངས་སུ་སྤྱོད་རྒྱུའི་འདུན་ཞུ་བྱེད་ཆོག་གི་ཡོད།

གཞན་ཡང་། ཞིང་ཆེན་དེས་ད་དུང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ངལ་ནུས་མེད་པ་ངོས་འཛིན་བྱེད་སྐབས་ཀྱི་དབང་སྐྱོན་རིགས་སྔར་བས་མང་དུ་གཏོང་རྒྱུ་རེད། དབང་སྐྱོན་རིམ་པ་དང་པོ་དང་གཉིས་པའི་མིག་ཤེད་དབང་སྐྱོན་དང་དབང་སྐྱོན་མང་པོ་ལས་ངལ་ནུས་ཧ་ལམ་ཤོར་བའམ་ཡང་ན་ངལ་ནུས་རྦད་དེ་མེད་པར་ཆགས་པའི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཞན་དག་གི་ངོས་འཛིན་ཆ་རྐྱེན་དང་མཐུན་རིགས་ཀྱིས། སླད་ཕྱིན་ཡང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་འགན་སྲུང་ཁྱབ་ཁོངས་སུ་ཞུགས་རྒྱུར་འདུན་ཞུ་བྱེད་ཆོག་གི་ཡོད།

གསར་འགོད་པས་མཚོ་སྔོན་དབུལ་སྐྱོར་སྡེ་ཚན་ནས་ཤེས་རྟོགས་བྱས་པ་ལྟར་ན། མཚོ་སྔོན་གྱིས་ཤིན་ཏུ་དབུལ་བའི་མཁར་རྫོང་གཏོར་བའི་ལས་དོན་བསྒྲུབས་ཚུན། སྲིད་གཞུང་གིས་འབྲེལ་ཡོད་ཀྱི་ཚོགས་སྤྱིའི་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་མ་དངུལ་མང་པོ་གཏོང་ཤུགས་རྒྱུན་འཁྱོངས་བྱས་ཡོད། ད་ལོར་ཞིང་ཆེན་དེས་ལོ་འཁོར་གྱི་གསར་འཕར་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི70%དང་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་མ་དངུལ་གྱི80%ཚང་མ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སྤྱོད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།