ཏང་གི་སློབ་གསོ་ཟབ་མོ་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་བ།

1572599375298354.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས30ཉིན། 32359རུ་ཁག་གིས་ཏང་ཡོན་ཡོངས་མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་ན་གོར་མོའི་དམག་དཔོན་ཐོག་བརྩེགས་ཁང་ཆེན་སྤྱི་གླིང་དུ་ལྟ་སྐོར་བྱེད་པར་རྩ་འཛུགས་བྱས་ཤིང་། ཏང་ཡོན་ཡོངས་ལ་ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་། ཞེས་པའི་བརྗོད་དོན་སློབ་གསོའི་སློབ་གསོ་ཐོབ་ཏུ་བཅུག

1572599397492940.jpg

འགྲེལ་བཤད་པའི་སྣེ་ཁྲིད་འོག་དམག་དཔོན་ཐོག་བརྩེགས་ཁང་ཆེན་སྤྱི་གླིང་དུ་བསྐྱོད་དེ་ཏང་ཡོན་ཡོངས་ཀྱིས་མཁའ་ལམ་དྲན་གསོའི་རྡོ་རིང་དང་། དམག་དཔོན་ཐོག་བརྩེགས་ཁང་ཆེན་གྱི་གནས་རྙིང་། དམག་དཔོན་ཐོག་བརྩེགས་ཁང་ཆེན་གྱི་དྲན་གསོ་ཁང་། ཁུ་ནུ་རི་བོའི་ས་གཤིས་རྟེན་མཛོད་ཁང་བཅས་ལ་ལྟ་སྐོར་བྱས་པ་མ་ཟད། དམག་དཔོན་དྲན་གསོ་ཁང་དུ་བསྐྱོད་དེ་དམག་དཔོན་མུའུ་ཧྲེང་ཀྲུང་འཚོ་བཞུགས་སྐབས་བཅར་འདྲི་ཞུས་པའི་བརྙན་རིས་ལ་བལྟས་ཤིང་། རྩ་ཆེའི་འདྲ་པར་རེ་རེ་བཞིན་དང་ཉར་ཚགས་བྱས་པའི་དངོས་པོ་རེ་རེ་བཞིན་བལྟས་ཏེ་འཛུགས་བསྐྲུན་པའི་དཔུང་ཆེན་གྱིས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་གངས་ལྗོངས་ཀྱི་“མཁའ་ལམ”བསྐྲུན་པའི་རླབས་ཆེན་གྱི་བླ་གཞག་གི་སྣང་བརྙན་ཡང་བསྐྱར་མིག་ལམ་དུ་མངོན་པར་བྱས་ལ། དཔོན་དམག་གི་མི་རབས་མང་པོས་དཀའ་ཁག་ཧ་ཅང་ཆེ་བའི་རང་བྱུང་ཁོར་ཡུག་འོག་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པའི་སྙིང་རུས་ལ་བརྟེན་ནས། དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི“ལམ་གཉིས”བཟོ་སྐྲུན་གྱི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་།

1572599405313891.jpg

གྲ་སྒྲིག་ཏང་ཡོན་ཕན་ཧོན་ཡུས་ཀྱིས་ད་ཐེངས་ལྟ་སྐོར་བྱས་པ་བརྒྱུད་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ནི་ལས་སླ་པོའི་སྒོ་ནས་བྱུང་བ་ཞིག་མིན་པར་ཤེས་རྟོགས་གཏིང་ཟབ་བྱུང་བ་མ་ཟད། སྔོན་བྱོན་པ་ཚོས་གསར་བརྗེའི་བྱ་གཞག་གི་ཆེད་དུ་ཕུལ་བའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་ནམ་ཡང་ང་ཚོ་ལ་སྐུལ་ལྕག་གནང་ཡོད་ལ། སླད་ཕྱིན་ཧུར་ཐག་གིས་ལས་དོན་སྒྲུབ་པ་དང་དཀའ་སྤྱད་སྦྱོང་བརྡར་བྱས་ཏེ་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་བཤད།

ལྟ་སྐོར་བྱེད་སྐབས་སུ། གྲ་སྒྲིག་ཏང་ཡོན་དང་དངོས་གཞིའི་ཏང་ཡོན་རྩ་འཛུགས་བྱས་ཏེ་དམག་དཔོན་ཐོག་བརྩེགས་ཁང་ཆེན་གྱི་མདུན་དུ་སོ་སོར་ཏང་ཞུགས་དམ་བཅའ་སྒྲོག་འདོན་བྱས་ལ། རུ་ཁག་དེའི་ཁྲིད་སྟོན་པ་ཧྥང་ཧྲེ་ཆིན་གྱིས་ཏང་ཡོན་ཡོངས་ལ་ད་ཐེངས་ཀྱི་གསར་བརྗེའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། “ལམ་གཉིས་ཀྱི་སྙིང་སྟོབས”བཅས་ཏང་གི་སློབ་གསོ་གོ་སྐབས་སུ་བྱས་ནས། ཏང་ནང་ཞུགས་པའི་ཐོག་མའི་ཕུགས་འདུན་མི་བརྗེད་པར། དམག་མའི་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་མུ་མཐུད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་འཛིན་པ་དང་དར་སྤེལ་བཏང་སྟེ། དད་སེམས་དང་ལྷག་བསམ་ལ་བརྟེན་ནས་དམག་མིའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།