2019ལོའི་མཚོ་སྔོན་གསར་འགྱུར་ལས་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ་བ།

AF5A9512_wps图片_wps图片_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ11པའི་ཚེས1ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཇུག་བསྡུས་མ་ཐག་པ་དང་གསར་འགོད་པའི་དུས་ཆེན་ཐེངས20པ་བསུ་ལ་ཉེ་བའི་བར་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་གསར་འགོད་པའི་མཐུན་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང2019ལོའི་མཚོ་སྔོན་གསར་འགྱུར་ལས་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ་ཞིང་།  ཐེངས་འདིའི་འགྲན་ཚོགས་ལ“བདེ་ཐང་དང་། རོལ་རྩེད། དགའ་སྤྲོ། མཛའ་བརྩེ། ”བཅས་ཀྱི་བརྗོད་དོན་དམིགས་ཡུལ་དུ་བཟུང་ནས། སྤྱི་ཚོགས་ཀྱི་ས་གནས་སོ་སོ་ན་གསར་འགྱུར་ལས་དོན་ལ་འབད་བཞིན་པའི་རྒྱ་ཆེའི་གསར་འགོད་པ་རྣམས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་བརྩེ་སེམས་མཚོན་པར་བྱས། ལུས་རྩལ་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་དུས་ཆེན་གྱི་སྔ་རོལ་ཏུ་ཐུན་མོང་གི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་།  ཕན་ཚུན་ལ་སློབ་སྦྱོང་། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་གོ་སྐབས་མཁོ་འདོན་བྱས་ཏེ་རང་ཞིང་གི་གསར་འགྱུར་ལས་དོན་སྒྲུབ་མཁན་དག་གི་བསམ་པའི་དཔལ་ཡོན་དང་ལང་ཚོའི་གསོན་ཤུགས་མངོན་པར་བྱས་པ་རེད། 

AF5A9516_wps图片_副本_副本1.jpg

AF5A9518_wps图片_副本_副本7.jpg

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་གྱི་གསར་འགྱུར་ལས་ཁུངས་ལ་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དང་། ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་སྦྲེལ་དྲ་གསར་འགྱུར་ལྟེ་གནས་བཅས་དང་། མཚོ་སྔོན་ཏང་གི་འཚོ་བའི་དུས་དེབ་ཁང་དང་། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། མཚོ་སྔོན་རིག་གཞུང་དུས་དེབ་བཅས་དང་། ཟི་ལིང་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་གསར་འགྱུར་ལས་ཁུངས15ཡོད་པ་རེད། ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལ་རྒྱང་སྒྲོག་རྩལ་སྦྱང་འགྲན་བསྡུར་དང་ཐག་འཐེན་འགྲན་བསྡུར་གྱི་ཚོགས་པའི་རང་བཞིན་གྱི་འགྲན་བསྡུར་དང་། མི་སྒེར་གྱི་དགའ་ཕྱོགས་རང་བཞིན་གྱི་འགྲན་བསྡུར་བཅས་རྣམ་གྲངས་བཅུ་གྲངས་ལྷག་ཡོད་པ་རེད། 

AF5A9624_wps图片_wps图片_副本.jpg

AF5A9796_wps图片_副本3.png

AF5A9755_wps图片_wps图片_副本2.jpg

AF5A9543_wps图片_副本_副本2.jpg

AF5A9589_wps图片_副本_副本3.jpg

AF5A9634_wps图片_副本1_副本2.jpg

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།