གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁྱབ་ཁོངས་དབྱེ་ནས་གཞི་རིམ་ཏང་འཛུགས་ཀྱི་དཔེ་སྟོན་བྱེད་ས་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁུལ་ཡོངས་ཀྱི“ཕྱོགས་གསུམ་ཡུལ་བཞི”ཡི་ཏང་འཛུགས་དཔེ་སྟོན་ཁྱམས་རིང་འཛུགས་སྐྲུན་གྱི་སྤྱི་ཁོག་བཀོད་སྒྲིག་ལྟར། ཁྱབ་ཁོངས་མི་འདྲ་བའི་གཞི་རིམ་ཏང་འཛུགས་བྱ་བའི་ཁྱད་ཆོས་ལ་དམིགས་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཏང་འཛུགས་དཔེ་སྟོན་བྱེད་ས20གསར་སྐྲུན་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས་གཞི་རིམ་ཏང་འཛུགས་བྱ་བའི་དཔེ་སྟོན་གཅིག་འདུས་ཚོགས་པ་བསྐྲུན་ནས། གཞི་རིམ་ཏང་འཛུགས་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་བ་རེད།

ཞིང་སྡེ་རུ་སྟོབས་ཤུགས་ཡོད་རྒུས་སྡེ་མི་རྣམས་ལ་ཁྲིད་སྟོན་བྱས་ཏེ་ཡོང་འཕར་ཕྱུག་བསྒྱུར་གྱི་ཏང་འཛུགས་དཔེ་སྟོན་བྱེད་ས་བསྐྲུན་པ་དང་། ལས་ཁུངས་སུ་སྟོབས་ཤུགས་ཡོད་རྒུས་ལས་ཁུངས་ཕྱོད་ནུས་ཀྱི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་སྤར་བའིི་ཏང་འཛུགས་བྱ་བའི་དཔེ་སྟོན་བྱེད་ས་བསྐྲུན་ཡོད་ཅིང་། སྡེ་ཁུལ་དུ་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བཅོས་སྐྱོང་ཕན་ནུས་ལྡན་ཞིང་ཞབས་ཞུ་ལེགས་པོ་གང་སར་མཐོང་ཐུབ་པའི་ཏང་འཛུགས་དཔེ་སྟོན་བྱེད་ས་བསྐྲུན་ཡོད་པ་དང་། ར་སྐོར་དང་གླིང་ཁུལ་དུ་སྟོབས་ཤུགས་ཡོད་རྒུས་ཏང་ཡོན་གྱི་གདོང་ལེན་ནུས་པ་འདོན་སྤེལ་བྱེད་པའི་ཏང་འཛུགས་དཔེ་སྟོན་བྱེད་ས་བསྐྲུན་ཡོད་ལ། དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ་ནང་དུ་ཐེ་བའི“གསར་པ་གཉིས”ཀྱི་རྩ་འཛུགས་སུ། སྟོབས་ཤུགས་ཡོད་རྒུས་སྣེ་ཁྲིད་དཔེ་སྟོན་བྱས་ནས་འཕེལ་རྒྱས་གཏོང་བའི་ཏང་འཛུགས་དཔེ་སྟོན་བྱེད་ས་བསྐྲུན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།