ཁྲི་ཀ་རྫོང་གི་ལ་ཟེ་བ་གྲོང་རྡལ་གྱིས“ཏང་འཛུགས+”ལ་བརྟེན་ནས་དབུལ་ཐར་འགག་སྒྲོལ་སྤེལ་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་སྟེ། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་གིས“ཏང་འཛུགས+དབུལ་ཐར་འགག་སྒྲོལ”ཞེས་པའི་དཔེ་དབྱིབས་ཅན་གྱི་བྱེད་སྟངས་ཤིག་འཚོལ་ཞིབ་བྱས་ནས། སྟོབས་ཤུགས་ཡོད་རྒུས“ཏང་ཨུས་སྣེ་ཁྲིད་ནས་ཐོན་ལས་གཉེར་པ་དང་། ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ལས་སྐྲུན་བརྩོན་པ། ཏང་ཡོན་གྱིས་དཔེ་སྟོན་བྱས་ནས་ལས་དོན་སྒྲུབ་པ། ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་ཁྱིམ་ལས་སྤེལ”བའི་བྱ་བར་སྐུལ་འདེད་བྱས་པས། ཀྲི་པུའུ་ནི་ཐོན་ལས་སྦྲེལ་ཐག་སྟེང་དུ་བསྐྲུན་པ་དང་ཏང་ཡོན་རྣམས་ཐོན་ལས་སྦྲེལ་ཐག་སྟེང་དུ་འདུས་པ། མང་ཚོགས་རྣམས་ནི་ཐོན་ལས་སྦྲེལ་ཐག་སྟེང་དུ་ཕྱུག་པོར་འགྱུར་པ་ཞིག་དངོས་གནས་སྒྲུབ་ཅི་ཐུབ་བྱས་ཡོད།

ལོ་ངོ་གཅིག་ཙམ་གྱི་རིང་ལ། གྲོང་རྡལ་ཡོངས་ཀྱིས་ཁྱད་ཆོས་ཀུན་ནས་ལྡན་པའི་ཕྱུགས་རྒྱུད་གསོ་སྤེལ་རྟེན་གཞི་དང་མཉམ་ལས་ཁང6བཙུགས་ནས། ཐོན་རིན་སྒོར་ཁྲི873མངོན་འགྱུར་བྱུང་པ་དང་། སྔ་ཕྱི་སྡེབ་རྩིས་བྱས་ན་དབུལ་ཕོངས་ཁྱིམ་ཚང138དང་མི389བརྟན་འཇགས་ངང་ལས་སྐྲུན་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཡོད་པ་དང་། ཁྱིམ་ཚང་རེ་རེར་ཆ་སྙོམས་ཀྱིས་སྒོར2200ལྷག་གི་ཡོང་སྒོ་འཕར་སྣོན་བྱུང་ཡོད་པ་རེད། དུས་མཚུངས་སུ། གྲོང་རྡལ་ཏང་ཨུ་ཡིས་སྣེ་མགོ་ཁྲིད་དེ་ལ་ཟེ་བ་ཆུ་གློག་ས་ཚིགས་དང་ནེའུ་སྣ་གློག་འདོན་བཟོ་གྲྭར་ཡུན་རིང་རྩོལ་པོ་ཕྱིར་གཏོང་བྱེད་པའི་གན་རྒྱ་མི117ཙམ་ལ་བཞག་པར། སྔ་ཕྱི་སྡེབ་རྩིས་བྱས་ན་ཡོང་སྒོ་སྒོར་ཁྲི350ལྷག་བསྐྲུན་ཡོད་པས། གཞི་རིམ་གྱི་ཏང་རྩ་འཛུགས་དེ་དངོས་གནས་ཐོན་ལས་འཕེལ་རྒྱས་གཏོང་བྱེད་ཀྱི“སྒུལ་བྱེད་འཕྲུལ་འཁོར་དམར་པོ”དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི“འཐབ་འཛིང་གི་བཙན་རྫོང”ལྟ་བུ་ཞིག་ཏུ་བསྐྲུན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།