ཏ་ཐུན་རྫོང་གིས་ཏང་ཡོན་བསྡུ་ལེན་བྱེད་པའི་སྔོན་ཚུད་ཉེན་བརྡའི་ནང་རྐྱེན་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཏ་ཐུན་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ཏང་ཡོན་བསྡུ་ལེན་བྱེད་པའི་སྔོན་ཚུད་ཉེན་བརྡའི་ནང་རྐྱེན་བཙུགས་ཏེ། དུས་བཅད་ནང“ལུས་ཕུང་བརྟག་བཤེར”བྱེད་པ་རྒྱུན་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་ཡོན་བསྡུ་ལེན་བྱེད་པའི་གནས་ཚུལ་བཟང་པོ་བརྒྱུད་ནས། དུས་ཐོག་ཏུ་གསར་དུ་ཤེས་རྟོགས་བྱུང་པའི་གནད་དོན་ལ་སྔོན་ཚུད་ནས་ཉེན་བརྡ་བཏང་ནས། རྫོང་ཡོངས་ཀྱི་ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བའི་ཚད་གཞི་དེ་ཕྱི་ཚུལ་ཙམ་དུ་མ་ལུས་པར་གོ་རིམ་མི་འགྱུར་བ་དང་། སྤུས་ཀ་ལ་ཁག་ཐེག་ཡོད་པ་བྱས།

རྫོང་འདིས་ཏང་ཡོན་བསྡུ་ལེན་བྱེད་པའི་བྱ་བའི་ཁྲོད་གསར་དུ་ཤེས་རྟོགས་བྱུང་པའི་གནད་དོན་ལ་མདོག་སྔོན་པོ་དང་མདོག་སེར་པོ། མདོག་ངང་སེར། མདོག་དམར་པོ་བཅས“མདོག་བཞི”ཅན་གྱི་སྔོན་ཚུད་ཉེན་བརྡའི་བྱེད་སྟངས་སྤྱད་ནས་མ་འོངས་སྔོན་ཚུད་གྱི་ཉེན་བརྡ་གཏོང་རྒྱུ་ཡིན་པ་དང་། དེ་ལས་མདོག་སྔོན་པོའི་སྔོན་ཚུད་ཉེན་བརྡ་ཡིས“སྔོན་ཚུད་ཉེན་བརྡའི་ནང་དོན”ཁྲོད་བཞག་ཡོད་པའི་གནས་ཚུལ་ཤེས་རྟོགས་མ་བྱུང་མོད། འོན་ཀྱང་གཞན་པའི་འབྲེལ་ཡོད་གནད་དོན་གནས་འདུག་པས། ངག་ཐོག་ནས་དྲན་སྐུལ་གསལ་འདེབས་བྱེད་པ་མཚོན་པ་ཡིན་ལ། མདོག་སེར་པོའི་སྔོན་ཚུད་ཉེན་བརྡ་ཡིས“སྔོན་ཚུད་ཉེན་བརྡའི་ནང་དོན”ཁྲོད་བཞག་ཡོད་པའི་གནས་ཚུལ་ཤེས་རྟོགས་མ་བྱུང་མོད། འོན་ཀྱང་གནད་དོན་ནི་འགྱུར་མཚམས་ཀྱི་རྣམ་པའམ་ཡང་ན་གནས་ཚད་ཅུང་ཡང་པའི་ཚུལ་དུ་ལུས་ཡོད་པས། ཏང་ཀྲི་པུའུ་ཧྲུའུ་ཅི་ལ་དུས་ཆད་ཁ་ཏ་སློབ་གསོ་བྱས་ནས། སྔོན་ཚུད་ཉེན་བརྡའི་བརྡ་སྦྱོར་ཡི་གེ་མར་གཏོང་བྱས་པ་མཚོན་པ་ཡིན། མདོག་ངང་སེར་གྱི་སྔོན་ཚུད་ཉེན་བརྡ་ཡིས“སྔོན་ཚུད་ཉེན་བརྡའི་ནང་དོན”ཁྲོད་གནད་དོན་གནས་ཚུལ་བྱུང་བ་ན། འཕྲལ་དུ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་ཡིག་ཐོག་ནས་དྲན་སྐུལ་ཐ་ཚིག་སྒྲོག་པ་དང་། འགན་དཀྲིས་ནས་འཕྲལ་དུ་ལག་བསྟར་དང་བསྒྱུར་བཅོས་བྱེད་དུ་འཇུག་དགོས་པའི་བཀའ་ཕབ་འདུག་པ་མཚོན་པ་ཡིན། མདོག་དམར་པོའི་སྔོན་ཚུད་ཉེན་བརྡ་ཡིས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ཡོད་པའི་སྔོན་ཚུད་ཉེན་བརྡའི་གནད་དོན་ལ་རེ་འདུན་ནང་ལྟར་དག་ཐེར་ལེགས་བཅོས་བྱས་མེད་པ་དང་ཡང་ན་དག་ཐེར་བྱེད་ཐབས་ཀྱི་ཤུགས་མ་འདང་བ་དང་ཕན་འབྲས་ཞན་པའི་གནས་ཚུལ་དག་ལ། དེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་བརྡ་ཁྱབ་སྤེལ་ནས་སྐྱོན་བརྗོད་བྱེད་རྒྱུ་ཡིན་པར་མ་ཟད། གནས་ཚུལ་ལ་བལྟས་ནས་དེའི་འབྲེལ་ཡོད་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན་པ་མཚོན་པ་རེད། མིག་སྔའི་བར་དུ། བསྡོམས་པས་མདོག་སྔོན་པོའི་སྔོན་ཚུད་ཉེན་བརྡ་ཐེངས20ལ་བཏང་ཡོད་པ་དང་། མདོག་སེར་པོའི་སྔོན་ཚུད་ཉེན་བརྡ་ཐེངས5ལ་བཏང་ཡོད་ཅིང་། གནས་སྐབས་སུ་མདོག་ངང་སེར་དང་མདོག་དམར་པོའི་སྔོན་ཚུད་ཉེན་བརྡ་གང་ཡང་བཏང་མེད་པ་རེད།

ཏང་གི་གཞི་རིམ(ལས་དོན)ཨུ་ཡོན་ལྷན་ཁང་སོ་སོས་དུས་ཚིགས་རེ་རེར་དེར་གཏོགས་ཀྱི་ཏང་ཀྲི་པུའུ་ནས་ཏང་ཡོན་སྐྱེད་སྲིང་དང་བསྡུ་ལེན་བྱེད་པའི་གནས་ཚུལ་ལ་མ་ལག་ཁ་ཚང་ཡིན་པའི་དབྱེ་ཞིབ་ཐེངས་ཤིག་བྱས་ཏེ། གནས་ཚུལ་འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་ལག་བསྟར་བྱས་ཡོད། ཏང་ཡོན་བསྡུ་ལེན་བྱེད་པའི་བྱ་བ་དེ་གཞི་རིམ་ཏང་འཛུགས་སྐྲུན་གྱི་དམིགས་འབེན་འགན་འཁྲི་ལམ་ལུགས་དཔྱད་ཞིབ་དང་།ཏང་འཛུགས་ལས་སྒྲུབ་གསལ་བརྗོད་ཀྱི་ནང་དོན་དུ་འཇོག་རྒྱུ་ཡིན་པ་དང་། ཏང་ཀྲི་པུའུ་དེ་སྔོན་ཐོན་ཡིན་མིན་དང་ཕུལ་བྱུང་ཡིན་མིན་དཔྱད་བསྡུར་འདེམ་བསྐོ་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་རེད། གཟབ་ནན་གྱི་ལྟ་སྐུལ་ཞིབ་བཤེར་གདེང་འཇོག་དཔྱད་འདེམས་དང་འགན་འཁྲི་རྩད་གཅོད་བྱེད་པ་དེས། སྔོན་ཚུད་ཉེན་བརྡ་ཐེབས་ཡོད་པའི་ཏང་ཀྲི་པུའུ་ལ་གནོན་ཤུགས་དང་སྒུལ་ཤུགས་ཅི་རིགས་བསྩལ་ཡོད་པར་མ་ཟད། སྔོན་ཚུད་ཉེན་བརྡ་ཐེབས་ཡོད་པའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་བསྡུ་ལེན་བྱེད་པའི་ཐད་ནན་ཏན་གྱིས་བསམ་གཞིག་གཏོང་བ་དང་འཚོལ་ཞིབ་བྱེད་པའི་ཕན་ལྡན་གྱི་ཐབས་ལམ་དང་བྱེད་ཐབས་འགྲུབ་པར་སྐུལ་མ་བཏང་སྟེ། ཏང་ཡོན་སྐྱེད་སྲིང་དང་བསྡུ་ལེན་བྱེད་པའི་བྱ་བའི་རྣམ་པ་གསར་པ་ཞིག་སྔར་མེད་གསར་གཏོད་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།