མཚོ་སྔོན་ཞིང་ཆེན་གྱིས་དབུལ་ནག་ས་ཁུལ་གྱི་ཁྱད་དབུལ་མི་སྣར་རོགས་སྐྱོབ་དང་འཚོ་སྐྱོང་བྱེད་པའི་སྲིད་ཇུས་ལེགས་སྒྲིག་དང་ལྷུག་པོར་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཉེ་ལམ་དབུལ་ནག་ས་ཁུལ་གྱི་ངལ་རྩོལ་གྱི་ནུས་པ་མེད་པའི་ངོས་འཛིན་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཟླ11པའི་ཟླ་མཇུག་གི་སྔོན་དུ་ལེགས་སྒྲིག་བྱས་པའི་འབྲེལ་ཡོད་ཁྱད་དབུལ་མི་ཚོགས་ཁྱོན་ཡོངས་ནས་རོགས་སྐྱོབ་འཚོ་སྐྱོང་སྲིད་ཇུས་ཀྱི་ཁོངས་སུ་འཇོག་ཐུབ་པའི་རེ་བ་ཆེ།

མཚོ་སྔོན་བོད་ཁུལ་གྱི“ཆུས་གསུམ་དང་ཁུལ་གསུམ”ནི་དབུལ་ནག་ས་ཁུལ་དུ་གཏོགས་ཤིང་། ནད་བྱུང་བ་དང་དབང་བོ་སྐྱོན་ཅན་གྱི་དབང་གིས་དབུལ་པོར་གྱུར་པའི་བསྡུར་ཚད་ཅུང་ཆེ་བས།འབྲེལ་ཡོད་མང་ཚོགས་ཀྱིས་ཡུན་རིང་བོར་ཁུར་བོ་ཅུང་ལྕི་མོ་འཁུར་ཡོད། “སྐྱོང་ཐུབ་ཚད་སྐྱོང་བ་དང་སྐྱོབ་ཐུབ་ཚད་སྐྱོབ་པ”མངོན་འགྱུར་བྱེད་པར་སྔར་ལས་སྐུལ་སྤེལ་བྱེད་ཆེད། རང་ཞིང་གིས་ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང17དང་དབུལ་ཕོངས་སྡེ་བ170། དབུལ་ཕོངས་མི་གྲངས་ཁྲི7.7དང་།དབུལ་ཐར་བྱུང་བའི་ཚགས་བཙུགས་བྱང་སྒྲིགརོགས་སྐྱོར་བྱ་ཡུལ་བཅས་ལ་དམིགས་ནས། གཙོ་བོ་དབང་བོ་སྐྱོན་ཅན་དང་ངལ་རྩོལ་གྱི་ནུས་པ་མེད་པ་སོགས་ཁྱད་དབུལ་མི་ཚོགས་གཞིར་བཟུང་སྟེ། རོགས་སྐྱོབ་བྱེད་ཐབས་སྔར་བས་ཇེ་ལེགས་སུ་བཏང་།

ཟླ11པའི་ཟླ་མཇུག་གི་སྔོན་དུ། མཚོ་སྔོན་ཞིང་ཆེན་གྱི་དབུལ་ནག་ས་ཁུལ་གྱི་ངལ་རྩོལ་ནུས་པ་མེད་པའི་མི་ཚོགས་ངོས་འཛིན་པའི་ཁྱབ་ཁོངས་རིམ་པ་དང་པོ་དང་གཉིས་པའི་རིག་ནུས་དང་སེམས་ཁམས་ལ་སྐྱོན་ཞུགས་པའི་དབང་བོ་སྐྱོན་ཅན་ནས་རིམ་པ་གསུམ་པའི་རིག་ནུས་དང་སེམས་ཁམས་ལ་སྐྱོན་ཞུགས་པའི་དབང་བོ་སྐྱོན་ཅན་དུ་རྒྱ་བསྐྱེད་པ་དང་། རིམ་པ་དང་པོའི་ཡན་ལག་སྐྱོན་ཅན་རིམ་པ་གཉིས་པར་རྒྱ་བསྐྱེད་པར་རེ་བ་ཡོད་ལ། གོང་དུ་བརྗོད་པའི་མི་ཚོགས་པ་དེ་ཁྱད་དབུལ་མི་སྣ་གཞན་དག་ངོས་འཛིན་བྱེད་པའི་ཆ་རྐྱེན་དང་མཐུན་པའི་རྨང་གཞིའི་སྟེང་། ཚང་མས་ཁྱད་དབུལ་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི་རེ་འདུན་ཞུས་ཆོག

དེ་ལས་གཞན་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཁྱད་དབུལ་མི་སྣར་ངལ་རྩོལ་ནུས་པ་མེད་པ་ངོས་འཛིན་པའི་ཁྲོད་ཀྱི་དབང་བོ་སྐྱོན་ཅན་གྱི་རིགས་དབྱེ་གསར་དུ་ཁ་སྣོན་རྒྱུ་རེད། དབང་སྐྱོན་རིམ་པ་དང་པོ་དང་གཉིས་པའི་མིག་ཤེས་ཉམས་པ་དང་། དབང་བོར་སྐྱོན་མང་པོ་ཞུགས་པའི་རྐྱེན་གྱིས་ངལ་རྩོལ་ནུས་པ་ཆ་ཤས་ཤོར་བ་དང་ཡང་ན་ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བའི་དཀའ་ཁག་ཆེ་བའི་མི་ཚོགས་དང་། དུས་མཚུངས་སུ་ཁྱད་དབུལ་མི་སྣ་གཞན་དག་ངོས་འཛིན་བྱས་པའི་ཆ་རྐྱེན་དང་མཐུན་ཚེ། དེང་ཕྱིན་ཁྱད་དབུལ་འཚོ་སྐྱོང་འགན་སྲུང་ཁྱབ་ཁོངས་སུ་འཇོག་པའི་རེ་འདུན་ཞུས་ཆོག

གསར་འགོད་པས་མཚོ་སྔོན་དབུལ་སྐྱོར་སྡེ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ནག་གི་མཁར་རྫོང་གཏོར་བའི་བྱ་བ་བསྒྲུབས་པ་ནས་བཟུང་། སྲིད་གཞུང་གིས་ཀྱང་འབྲེལ་ཡོད་མི་ཚོགས་དབུལ་སྐྱོར་གྱི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་རྒྱུན་བསྲིངས་པ་རེད། ད་ལོར། རང་ཞིང་གིས་ལོ་འཁོར་མོར་གསར་དུ་བསྣན་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི70%དང་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་མ་དངུལ་གྱི80%ཚང་མ་དབུལ་ནག་ས་ཁུལ་དུ་བཀོལ་སྤྱོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།